[B:47a]རྩ་ལག་ཏུ་གྱུར་ཅིང་། ལྷག་པར་གསང་སྔགས་ཀྱི་བཀའ་སྲོལ་ཁྱད་པར་ཅན་ཅུང་ཟད་ནུབ་པར་ཉེ་བ་ལ་ཆེད་དུ་བསྔགས་པའི་མཛད་པས་སྔགས་ལམ་སྤྱི་དང་གུར་ཕུར་ཆོས་སྐྱོང་སོགས་ཀྱི་ཕྱག་ལེན་བླ་ན་མེད་པ་དབུས་གཙང་། ཁམས་ཀོང་སོགས་ན་འཕེལ་རྒྱས་སུ་ཡོད་པ་ནི་མངོན་སུམ་མོ། །
དེ་དག་གི་སྐབས་འགའ་ཞིག་ཏུ། དུས་ཟིངགཟིངས་མི་བཟད་པ་ཆེན་པོའི་སྐབས་ཀྱིས་ཆེ
ཆེས་ཕྲ་བྱིངསབྱིནབྱིན་རང་གཞན་དུ་འདུ་ཤེས་པའི་ཆགས་སྡང་གིས་བདེ་སྡུག་སྣ་ཚོགས་སུ་ཤར་བ་དང་། ཆོས་སྒྲུབ་པ་རྣམས་ཀྱང་ཐོས་བསམ་ལ་ཅུང་ཟད་གཡེལ་བར་གྱུར་ནའང་། མགོན་པོ་འདི་ནི་སྣང་སྲིད་བདེ་ཆེན་ཡེ་ཤེས་ཀྱི་རོལ་པར་ཤར་བས་གང་ལའང་སྤྲོས་པའི་རྣམ་གཡེང་མི་མངའ་བས། དེ་ལྟར་མ་རྟོགསགཏོགསགཏོགས་པ་རྣམས་ལ་འགྱུར་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་འདི་དག་འཁོར་བ་པལ་རྣམས་ཀྱིཀྱིས་མྱོང་བྱ་ཡིན་ཞིང་། དེ་ཡང་རྒུད་པ་རྣམས་ནི་མྱོང་བྱ་མི་བཟོད་པས་སྙིང་རྗེ་ལ། རྒྱལ་བར་སྣང་བ་འདི་རྣམས་ཀྱང་སྔ་[A:155]མར་ཐབས་ཀྱིས་མ་ཟིན་པའི་དགེ་བའི་ལས་ཀྱིསཀྱི་འདི
འདིརའདིར་ལྟར་སྣང་གི་བསོད་ནམས་སྟོབས་ཆེ་བའི་དབང་གིས་ཕྱི་མར་ངན་འགྲོ་སྒྲུབ་པའི་རྒྱུ་འབའ་ཞིག་ཏུ་མཐོང་བས་དེ་བས་ཀྱང་སྙིང་རྗེ་བའི་གནས་ཁོ་ན་ཡིན་པས་ཐམས་ཅད་ཆགས་སྡང་ཉེ་རིང་སྤངས་པའི་བཏང་སྙོམས་ལ་གནས་པའི་ཆེད་དུ་། ཆོས་ཚུལ་བཞིན་དུ་གྱིས
ཞེསཤེསཤེས་བཀའ་ཡང་ཡང་བསྩལསྩལ་ཞིང་། མདོ་སྔགས་ཀྱི་གསུང་ཆོས་གནང་བ་ལ་ཆེས་ཤིན་ཏུ་བརྩོན་པའི་གནས་སུ་གྱུར་ཏོ། །
DISPUTATION: pp. 155.8-156.3; B: ff. 47a5-47b1
ད་ནི་རྩོད་པ་གནམ་ལྕགས་རྡོ་རྗེའི་འཁྲུལ་འཁོར་གྱིས་བསྟན་པ་གསལ་བར་མཛད་ཚུལ་ནི་གོང་དུ་བཤད་པ་ལྟར།
དངོས་སྟོབས་ཀྱི་རིགསརིགརིག་པའི་ལམ་ལ་ལེགས་པར་སྦྱངས་པས་དཔྱོད་ལྡན་རྒྱ་མཚོ་ལྟ་བུའི་དབུས་སུ་འབེལ་བའི་གཏམ་རྣམ་པར་ངེས་པར་མཛད་པ་ན། ཐུགས་བརླིང་བ་དང་། ཞལ་རས་ཀྱི་མདངས་གསལ་བ་དང་། བརྗོད་པ་དག་པ་སོགས་སྨྲསྒྱུ་བའི་རྒྱན་དང་ལྡན་པའི་སྒོ་ནས་སའི་དངོས་གཞི་ནས་གསུངས་པ་ལྟར྄གྱུར་། རིགསརིགརིག་པའི་མཚོན་ཆ་བཞི་པོ་ཅི་རིགས་པས་གྲུབ་མཐའ་ངན་པ་ཚར་གཅདབཅད་ནས། གྲུབ་མཐའ་བཟང་པོའི་རྗེས་འབྲང་རྣམས་དམ་པས་བསྔགས་པའི་ལམ་ལ་འཇུག་པར་མཛད་ཅིང་། ཁྱད་པར་དགག་བཞག་སྤང་[A:156]
གསུམ་གྱིས་རྩོད་པའི་འཇུག་སྒོ་མཐའ་ཡས་པ་ནི་དམ་པ་འདིའི་གསུང་རབ་ཀྱི་