[B:50a]བཅད། ཞཞྭ་ལུ་ལོ་ཙཱཙ་བ། རབ་འབྱམསའབྱམ་པ་རིན་རྒྱལ་བ། དཀའ་[A:165]བཅུ་བ་ཤེས་རྡོར། གླིང་གི་བླ་མ་ཀུན་དགའ་བཀྲ་ཤིས། གློགླ་བོ་ཆོས་མཛད་བསོད་ནམས་ལྷུན་གྲུབ། རོང་པོ་དཀའ་བཅུ་བ་གྲགས་པ་རྒྱལ་མཚན། སྨྱུག་ལ་ཆོས་མཛད། ལྗངས་པ་ཆོས་མཛད་རྣམས་ལ་སོ་སོར་གནང་བའི་ཚིག་བཅད། ཡང་བཤད་གསར་སོགས་དགའ་སྟོན་ལ་རོལ་བའི་མོལ་བ། བསྔོ་བ་ཡས་གཏམ་མདོར་བསྡུས་རྣམས་སོ། །
དེ་ལྟར་མཁས་པའི་ཕྲིན་ལས་ཀྱི་བྱ་བ་དེ་དག་ཀྱང་། གདུལ་བྱ་གང་དང་གང་ལ་ལྷག་པར་ཐུགས་བརྩེ་བ་དང་། ཐུབ་པའི་བསྟན་པ་འཕེལ་རྒྱས་ཁོ་ན་ལ་དགོངས་པས། རྙེད་པ་དང་གྲགས་པ་དོན་དུ་གཉེར་བ་ནི་ནམ་ཡང་མ་ཡིན་ཏེ། ནང་དོན་དུ་གཉིས་འཛིན་གྱི་འཁྲུལ་སྣང་ཟད་པར་སྤངས་པས་སོ། །
Disciples of rDo rje gdan pa Kun dga' rnam rgyal; A: pp.165.11-173.18; B: ff. 50a3-52b2
དེ་ཡང་གཞན་སྣང་ཙམ་དུ་འཆད་རྩོད་རྩོམ་གསུམ་གྱི་རིམ་པས་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པ་ལས། ཞལ་སློབ་ཇི་ལྟར་བྱུང་བའི་ཚུལ་ནི།
སྤྱིར་མགོན་པོ་འདིའི་དངོས་ཀྱི་གདུལ་བྱ་མདོ་སྔགས་ཀྱིགྱི་བསྟན་པའི་གསལ་བྱེད་དུ་གྱུར་པ་ཤིན་ཏུ་མང་ཞིང་། གསུང་ཆོས་སྣ་རེ་ཙམ་འབྲེལ་བས་ཀྱང་འབྲེལ་བ་དོན་ལྡན་གྱི་སྒོ་ནས་སྲིད་ཞི་གང་རུང་གི་དངོས་གྲུབ་ཐོབ་པའི་གདུལ་བྱ་ནི་བགྲང་བ་ལས་འདས་པས་བརྗོད་པར་ག་ལ་ནུས། དེ་ལྟ་[A:166]མོད་ཀྱི་བསྟན་པའི་བདག་པོར་གྱུར་པ་དང་མདོ་སྔགས་ཀྱི་སྲོལ་འཛིན། བཤད་སྒྲུབ་ཀྱི་རྩ་ལག། གཞན་ཕན་ཕྲིན་ལས་ཀྱི་སྒོ་ཅན། ནང་དོན་མཆོག་ལ་གཞོལ་བའི་སྦས་པའི་རྣལ་འབྱོར། རིས་མེད་པའི་བསྟན་པའི་སྦྱིན་པོར་གྱུར་པའི་ལུགས་གཉིས་ལྡན་གྱི་ས་སྐྱོང་སོགས་གཙོ་བོར་གྱུར་པ་ཆེ་ལོང་ཙམ་ཞིག་བརྗོད་ན།
A list of Kun dga' rnam rgyal's disciples; A: pp. 166.6-173.18; B: ff. 50a6-52b2
རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དཔལ་ས་སྐྱ་པའི་གདུང་བརྒྱུད་རྣམ་པར་དག་པ་མདོ་སྔགས་ཀྱི་བདག་པོར་གྱུར་པས
པའི་འགྲོ་དོན་མཐའ་ཡས་པ་སྐྱོང་བར་མཛད་པ་བདག་ཆེན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། འདི་ཉིད་ཀྱིས་རྒྱལ་བ་ཀུན་འདུས་ཞེསཤེས་པའི་སྐུ་བསྟོད་ཅིག་ཀྱང་མཛད་པ་དང་། ཡི་དམ་ཆོས་སྐྱོང་ལ་མངའ་བརྙེས་པས་མཐུ་སྟོབས་ཀྱི་དབང་ཕྱུག་ཏུ་