R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༩༠
[A:༡༩༠]པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་སྒོ་ནས་ཆར་འབེབས་དང་རླུང་གནོན་རྗེ་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ཚར་ཆེན་གྱིས་མཛད་པའི་བྲག་རྫོང་མའི་ཉམས་ལེན་སྙན་བརྒྱུད་ཡིན་བཞིན་ནོར་བུ། རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་སྐོང་བསྡུས་རིན་ཆེན་འབར་བ་རྣམས་ཀྱི་ལུང༌། གསང་འདུས་རྩ་རྒྱུད་སོགས་ནས་བསྟན་པའི་དཔལ་མགོན་ཞལ་བཞི་པ་བསྙེན་དུས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། ཤངས་པ་བཀའ་བརྒྱུད་པའི་ལུགས་ཀྱི་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་སུ་གནང་བ་དང༌། མགོན་དཀར་གྱི་བཀྲ་ཤིས་བཀའ་རྒྱ་མ་དང་རབ་གནས་བཀའ་རྒྱ་མ། སངས་ཕུན་པས་མཛད་པའི་རྒྱས་པའི་སྦྱིན་སྲེག །ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྒྲུབ་རྗེས་དང༌། གཏེར་བུམ་བསྒྲུབ་ཚུལ་རྣམས་ཀྱི་ལུང༌། ཞིང་སྐྱོང་མ་མོ་ཐམས་ཅད་ཀྱི་གཙོ་མོ་དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ལུང་དང༌། གསང་སྔགས་རྙིང་མའི་སྐོར་ལ། གཏེར་ཁ་གོང་མ་མངའ་བདག་ཉང་གི་གཏེར་བྱོན་གུ་རུ་དྲག་དམར་གྱི་དབང་བསྐུར་བ་དང༌། དེའི་ཡིག་ཆ་བདག་ཆེན་རྒྱ་གར་བས་མཛད་པའི་ཕྲིན་གཞུང༌། སྔགས་འཆང་ཀུན་རིན་གྱིས་མཛད་པའི་དབང་ཆོག །འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ཕྱག་ལེན་མཛེས་རྒྱན་རྣམས་ཀྱི་ལུང༌། གུ་རུ་དྲག་དམར་ཉང་ལུགས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལུང༌། རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་བཅུ་བདུན་གྱི་ཚེ་དབང་ཟབ་མོ་མདའ་འཕེལ་མར་གྲགས་པ་དང༌། དེའི་ཡིག་ཆ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་ལུང༌། དབོན་སྟོན་སྐྱེར་སྒང་པའི་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཏུ་གྲགས་པའི་རྗེས་སུ་གནང་བ་དང༌། དེའི་