[A:༢༠༠]དང༌། པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐོར་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཕྱོགས་གཅིག་ཏུ་བསྒྲིག་པར་མཛད་པ་ལ། སྒྲོལ་དཀར་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་བ་རིའི་འགྱུར། སྒྲོལ་དཀར་གྱི་བུམ་ཆོག་གཏོར་མ་སྲུང་འཁོར་རྣམས་ཀྱི་ཡི་གེ །བྲིས་པའི་སྲུང་འཁོར་གྱི་ཡི་གེ །བར་ཆད་ཞི་བར་བྱེད་པའི་ཡི་གེ །སྒྲོལ་མའི་བྱད་འགྲོལ་གྱི་ཡི་གེ་སློབ་དཔོན་པདྨ་ནག་པོས་མཛད་པ་བ་རིའི་འགྱུར། སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་སྔོན་མོའི་ལམ་སྲུང༌། དེའི་གསལ་བྱེད། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲོལ་དཀར་བུམ་ཆོག་རྗེས་གནང་དང་བཅས་པ། སྒྲོལ་དཀར་གྱི་མངོན་རྟོགས་དང༌། དེའི་རྗེས་གནང་གི་ཆོ་ག་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ། སྒྲོལ་དཀར་བླ་བརྒྱུད་ཀྱི་ལོ་རྒྱུས་མཛད་བྱང་མེད་པ། སྒྲོལ་དཀར་གྱི་རྗེས་གནང་དང༌། དེའི་ཟབ་ཁྲིད་ཀྱི་དམིགས་རིམ་དང༌། སྦྱིན་སྲེག་གི་ཆོ་ག་རྣམས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ། སྒྲོལ་དཀར་སྒྲུབ་ཐབས་ཉུང་ངུ་དབང་ཕྱུག་རབ་བརྟན་གྱིས་མཛད་པ་བཅས་དང༌། པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་ཟླ་རྒྱལ་ལུགས་སམ་ལྕགས་རལ་ཅན་དུ་གྲགས་པའི་སྐོར་ལ། རྟ་མགྲིན་གྱི་སྒྲུབ་ཐབས་ཐུན་མོང་གི་ལས་ཚོགས། ནད་པ་གསོ་བ། སྟེང་གདོན་གཟིར་བ། ནད་གདོན་སྲུང་བ། སེར་བ་སྲུང་བ། ཕྱིར་ཟློག་དང་བཅས་པ་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་མཛད་པ། རྗེས་གནང་གི་ཆོ་ག་མཛད་བྱང་མེད་པ་རྣམས་དང༌། རྡོ་རྗེའི་རིགས་ཀྱི་ཕོ་ཉ་དམེ་བརྩེགས་དུད་ཀ་ས་ལུགས་སུ་གྲགས་པའི་སྐོར་ལ་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ས་པཎྜི་ཏ་ཆེན་པོས་མཛད་པ་ལ། ནང་གསེས་ཀྱི་ལས་ཚོགས་སྨྱོ་འབོགས་འདུལ་བ། སེར་བ་ཟློག་པ། རིམས་ནད་གསོ་བ། ཕྱུགས་གོད་སྲུང་བ། མི་ལོ་ནད་ཅན་གསོ་བ། ར་ལུག་ལ་སྤྱང་ཀི་སྲུང་བ། ནད་པའི་སྔས་སྲུང༌། ཞིང་གི་འབུ་སྲུང་བ། སྲིས་རྨེ་