R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༧༨
[A:༣༧༨]དང༌། དེའི་ཡིག་ཆ་རྨོར་ཆེན་པས་མཛད་པའི་ལུང༌། གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་གནང་སྒོམ་ལུང་དང་བཅས་པ་དང༌། དེའི་ཡིག་ཆ་རྨོར་ཆེན་དང༌། ཞུ་ཆེན་པས་མཛད་པའི་ལུང༌། གསེར་ཆོས་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྔོན་མོའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། དུས་འཁོར་ནས་བསྟན་པའི་གསེར་ཆོས་ཁྱུང་ཁྲའི་རྗེས་གནང་སྒོམ་ལུང་དང་བཅས་པ་དང༌། དེའི་ཡིག་ཆ་རྨོར་ཆེན་པས་མཛད་པའི་ལུང༌། གསེར་ཆོས་ཛཾ་དམར་སྲོག་སྒྲུབ་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་རྨོར་ཆེན་པས་མཛད་པའི་ལུང༌། འཕགས་པ་སེང་གེ་སྒྲའི་རྗེས་སུ་གནང་བ་དང༌། ཀླུ་པའི་གསེར་ཆོས་བཅུ་བཞིར་གྲགས་པའི་ཡ་གྱལ་སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་གདམས་པ་ཤིན་ཏུ་ཟབ་པའི་ལུང་དང༌། ཆོས་སྲུང་གི་སྐོར་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བརྒྱད་ཐུན་མོང་བའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ལུང༌། ལྷ་བརྒྱད་མཁའ་འགྲོ་སྦགས་ཏེ་སྒྲུབ་པ་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། མགོན་པོ་ཁྲོ་བཅུ་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། རྗེས་གནང་དེ་གཉིས་ཀྱི་ཡིག་ཆ་ངག་དབང་ཆོས་གྲགས་པས་མཛད་པའི་ལུང༌། གསང་བའི་ལས་མཁན་པུ་ཊ་ཐུན་མོང་བའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པ། མགོན་པོ་གསང་སྒྲུབ་ལྷ་དགུའི་སྦྱིན་སྲེག་སངས་རྒྱས་ཕུན་ཚོགས་པས་མཛད་པ། དྲག་པོའི་སྦྱིན་སྲེག་ངག་དབང་བརྟན་པའི་རྡོ་རྗེས་མཛད་པ། མགོན་པོའི་ཚོགས་མཆོད་རྨར་སྟོན་བཀའ་བཅུ་པས་མཛད་པ། སྐོང་གསོའི་ཆོ་ག་དཀོན་མཆོག་དཔལ་ལྡན་པས་མཛད་པ། ཨེ་ཝཾ་པའི་གསུང་རྒྱུན་ལྟར་བཀོད་པའི་བསྟོད་ཚོགས་དངོས་གྲུབ་རྒྱ་མཚོ་དང༌། ནག་པོ་ཆེན་པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་