R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A):
[A:༩]བྱུང༌། བཤད་པའི་བཀའ་ཤིན་ཏུ་ངན་ཏེ། རྩ་བ་དམར་དམར་འདི་འགྲེལ་པ་ནག་ནག་འདིས་འཆད་པ་འདྲ་ཟེར་བ་ཙམ་ལས་མ་བྱུང༌། བྱང་སེམས་ཀྱིའང་སེམས་བསྐྱེད་ཀྱི་བཀའ་སྲོལ་ཚོ་ནུབ། གསང་སྔགས་ལའང་ཆགས་ལམ་དང་དྲག་པོ་མངོན་སྤྱོད་ཀྱི་ལག་ལེན་དར་བ་ཞིག་བྱུང༌། དེའི་ཚེ་ཡབ་མེས་ཀྱི་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་བརླག་པར་བྱས་པས་ལྐོག་ཏུ་གསང་ནས་ཉམས་སུ་ལེན་པ་རེ་རེ་ཙམ་མིན་པ་དངོས་སུ་ཆོས་བྱ་ས་མེད་ནས། གྲམ་པ་རྒྱང་ནས་བྲོས་པ་ཡིན་ནམ་ཟེར་བའི་གཙང་གཡོ་དམར་གསུམ་གྱིས་རེ་ཞིག་ཆུ་བོ་རིར་གབ་ནས་བཞུགས། དེ་ནས་ཁོང་རྣམས་ཀྱིས་འདུལ་བ་མདོ་རྩ་འོད་ལྡནལས་ཆོག་ཀརྨ་ཤ་ཏམམངོན་པ་མཛོད་ལ་སོགས་པའི་དཔེ་ཆ་དྲེའུའི་ཁལ་གཅིག་བཀལ། བཙུན་ཆས་བསྒྱུར་ཏེ་དྭགས་ཀོང་ནས་བརྒྱུད་དེ་བྲོས་སོང་བས་མདོ་སྨད་དུ་ཐར་རོ། །དེ་དུས་ན་ཡེར་པའི་བྲག་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྒྲུབ་པ་མཛད་ཀྱིན་ཡོད་པ་ལ་ཡེར་པའི་རི་ལ་རབ་ཏུ་བྱུང་བའི་གཟུགས་ཀྱིས་རྔ་དང་རོལ་མོ་ཁྱེར་ནས་རི་དྭགས་དེད་པ་མཐོང་ནས་ཅི་ཡིན་དྲིས་པས་རྒྱུ་མཚན་བཤད་པ་དང༌། ཆོས་ཀྱི་བསྟན་པ་ཉམས་པས་མ་བཟོད་ནས་འཕན་ཡུལ་བསྐོར་ཏེ་སྒོ་ལ་ལར་བྱོན་ནས་ལྷ་སར་སླེབས་པ་དང༌། བྲན་མོ་ཆུ་ལེན་ཅིག་ལ་རྒྱལ་པོ་བཞུགས་སམ་མཇལ་བ་ཡིན་བྱས་པས་བཞུགས་སོ། །དར་ཅིག་ན་གླ་བའི་ཚལ་གསེབ་ན་སྐྱོ་སངས་ལ་འབྱོན་གྱི་ཟེར་བ་དང༌། རྟ་དཀར་པོ། བེར་དཀར་པོ། མདུང་དཀར་པོ་ལ་སོལ་བ་བྱུགས་ནས་མི་ནག་རྟ་ནག །མདུང་ནག་ཅན་གཅིག་ཏུ་བྱས་ཏེ་ཕྱིན་པས། རྒྱལ་པོ་སྡོང་པོའི་བསིལ་གྲིབ་ལ་མིག་མངས་རྩེ་ཡིན་ཡོད་པའི་ཡིད་མ་བདེ་ནས་རྡོ་རིང་གི་ཡི་གེ་ཀློག་གིན་ཡོད་པས་མཐོང་སྟེ་མགོན་པོ་ནག་པོ་བྱུང་ཟེར། རྩར་ཕྱིན་ནས་ཞེ་ས་བྱེད་པ་སྐད་བྱས་ཏེ་ལྕགས་མདའ་བརྒྱབས་ཀྱང་