[A:༤༦༣]གཉིས། གཉིས་ཀ་ལས་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ལོ་ཆེན་མན་འདྲའོ།། །།ལམ་སྦས་ཏེ་བཤད་པ་ས་པཎ་གྱིས་མཛད་པའི་བརྒྱུད་པ་ནི། མཛད་པ་པོ་ནས། ཚོགས་ཉན་གཉིས་བྲག་ཕུག་པ། ཆོས་རྗེ་རྣམ་གཉིས་མན་འདྲའོ།། །།སྒོ་དྲུག་ཆོས་འབྲེལ་ལས། བར་ཆད་གསུམ་སེལ་གྱི་བརྒྱུད་པ་ནི། མཛད་པ་པོ་ནས། ལོ་ཆེན་རྡོ་རྗེ་འཆང་འབྲོག་མི་ཤཱཀྱ་ཡེ་ཤེས། གཤེན་སྒོམ་སེ་བོ། གྱེར་སྒོམ་རོག་པོ། བླ་མ་གཉོས། ཡེར་པ་སྒོམ་སེང༌། གྲུབ་ཐོབ་ལྷ་འབར། ཁ་རེག་སྒོམ་པ། ལུང་ཕུ་པ། བཀྲས་ལུང་པ། མཁས་གྲུབ་གཞོན་ནུ་དོན་གྲུབ། བྱང་ཆུབ་ཤེས་རབ། ཆོས་རྗེ་བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་དང༌། བུདྡྷ་ཤྲཱི་གཉིས། གཉིས་ཀ་ལས་ངོར་ཆེན་མན་འདྲའོ།། །།གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ངག་དབང་གྲགས་པ། འབྲོག་ལོ་ཆེན་པོ། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ཤངས་པ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། ལུང་ཕུུ་བ་མན་འདྲའོ།། །།ནཱ་རོ་པའི་སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི། ནཱ་རོ་པ། འབྲོག་ལོ། མངའ་རི་བ། སྒྱི་ཆུ་བ། ས་ཆེན། བསོད་རྩེ། གྲགས་རྒྱལ་མན་འདྲའོ།། །།མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། འབྲོག་ལོ། སེ་སྟོན། ཞང་སྟོན། ས་ཆེན་མན་འདྲའོ།། །།མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ཀྱེ་རྡོར་མངོན་རྟོགས། ལུས་དཀྱིལ་