R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 60
[A:60]ཞུགས་གསུངས་པས། རྒྱལ་པོ་འཁོར་དང་བཅས་པ་ཤིན་ཏུ་སྐྲག་ཏེ། སློབ་དཔོན་གྱི་ཞབས་སྤྱི་བོར་བླངས་ནས་ཅི་གསུང་བ་བསྒྲུབ་པས། ཐུགས་རྗེས་འཛིན་པར་ཞུ་ཞུས་པས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་ནས། རྒྱལ་འབངས་ཐམས་ཅད་རྡོ་རྗེའི་ཐེག་པ་ལ་བཀོད་དོ། ། དེ་ནས་ལྷོ་ཕྱོགས་ན་མུ་སྟེགས་ཀྱི་ལྷ་བྷྀ་མེ་ས་ར་ལ་ཉི་མ་རེ་ལ་སྲོག་ཆགས་དཔག་ཏུ་མེད་པ་བསད་ཅིང་མཆོད་པ་དེ་འདུལ་དུ་གཤེགས་པའི་ལམ་དུ། གྲུ་མཁན་ལ་ང་སྒྲོལ་བཟླས་པ། སླ་ཁྱེར་ལ་ཤོག་ཟེར། ཁྱོད་ཚིམ་པར་བྱ་ཡི་སྒྲོལ་བཟླས་པས། སྔོན་ལ་སླ་འདོད་ཟེར་ཆུ་བོ་འདི་དོན་དུ་གཉེར་བ་ཡོད་དམ་མེད་དྲིས་པས། རྒྱལ་པོ་ལི་ཧ་རའི་ཕོ་བྲང་བསྐོར་ལ་སོགས་ཆུ་འགྲམ་ན་ཡོད་པ་རྣམས་ཆུ་བོ་དོན་དུ་གཉེར། ཕ་ཚད་པ་མཐོ་ས་ན་ཡོད་པའི་ཞིང་པ་རྣམས་ཆུ་བོ་དོན་དུ་གཉེར་ཏེ་རེ་དགོས་མང་པོ་ཡོད་ཟེར་རོ། །འོ་ན་ཁྱོད་ལ་ཆུ་བོ་ཉིད་གྲུ་སླར་སྦྱིན་ནོ་གསུངས་ནས། སྡིགས་མཛུབ་སྒྲེང་པས་ཆུ་བོ་གྱེན་ལ་ལོག་པས་རྒྱལ་པོ་ལི་ཧ་ར་ལ་སོགས་པ་ཆུ་འགྲམ་གྱི་མི་ཐམས་ཅད་གྲུ་སར་ལྷགས་ཏེ། ཅིས་ལན་ཤེས་སམ་འདྲི། རྒྱུ་མཚན་སྙད་པས་ཐམས་ཅད་ཀྱི་གསེར་དངུལ་རྟ་གླང་། སྨན་རས་འབྲུ་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་ནས། གནོད་འཚེ་མེད་པར་ཆུ་བོ་སྔར་བཞིན་འབེབས་པར་ཞུས་པས། སེ་གོལ་གཅིག་རྟོགས་པས་ཆུ་བོ་སྔར་མལ་དུ་འཇམ་པོར་འབབ་པས། ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེའི་ཚེའང་གླུ་བླངས། ཡོ་བྱད་རྣམས་གྲུ་སླ་ལ་བྱིན་པས། ཞབས་སྤྱི་བོར་བླངས་ཏེ་རྗེས་སུ་འབྲང་བར་ཞུས་པས་གནང་སྟེ། ཕྱག་ཕྱིར་འབྲང་བ་ནི་ནག་པོ་པའོ། །ཡོ་བྱད་རྣམས་