[A:59]བྲོག་སྦུར་ལ་སོགས་པའི་སེམས་ཅན་མང་པོ་འཕུར་ཅིང་ཞལ་དུ་བཏབ་པས། ཐམས་ཅད་ན་རེ་ངན་པ་ངན་པ་ཟེར། ཧ་བྱས་པས་ཐམས་ཅད་ཁ་ནས་སྤུར་ནས་གཏང་ཀྱང་ངན་པ་ངན་པ་ཟེར། ཀྱེ་མ་བདག་ནི་ངན་པ་སྟེ། སེམས་ཅན་མང་པོ་འཕུར་ནས་ཟོས་ཀྱང་ངན་པ་ངན་པ་ཟེར། །སྲོག་ཆགས་མང་པོ་བསོས་ནས་སྤུར་ཀྱང་ངན་པ་ངན་པ་ཟེར། །བདག་གི་བྱ་བ་གང་ཡིན་བདག་གི་མ་ཤེས་བསྟན་དུ་གསོལ། །འདི་ལྟར་བགྱིས་ཞེས་བསྟན་པར་མི་ནུས་དེ་དག་ངན་པར་འགྱུར། །ཞེས་གསུངས་པས། དར་གཅིག་ན་རྒྱལ་པོས་གཤེད་མ་ལ་གཏོད་པར་འདུག་གི་ཟེར། རྒྱལ་པོའི་དྲུང་དུ་སླེབ་པས་ཕྱག་གིས་ཟེར་མ་བྱས། ཁྱོད་སུ་ཡིན་ཟེར་ལན་མ་སྨྲས་པས། རྒྱལ་པོ་ན་རེ། འདི་ལ་དབང་ཕྱུག་གི་རྟགས་གང་ཡང་མི་འདུག་པས། གཤེད་མ་རྣམས་ཀྱིས་ཡན་ལག་རྣམས་ལྕགས་སྒྲོག་གི་སྡོམ་ལ་གངྒཱར་འབབ་པའི་ཆུ་བོ་ཆེན་པོར་སྐྱུར་ཅིག་ཟེར། དེ་ལྟར་བྱས་ཏེ་བསྐྱུར་བས། གཤེད་མ་རྣམས་ཀྱི་སྔོན་ལ་རྣལ་འབྱོར་པ་རྒྱལ་པོའི་དྲུང་དུ་སླེབ། ཡང་ཡང་བསྐྱུར་ཀྱང་ཁོའི་སྔོན་ལ་སླེབ། དེར་རྒྱལ་པོ་ན་རེ། ཡན་ལག་ལྔ་བྱང་ཁོག་ལ་ལྕགས་སྒྲོག་གིས་སྡོམ་ལ་དོང་དུ་བསྐྱུར་གསུངས། དེ་ལྟར་བྱས་པས་ལྕགས་ཐག་ཐར་ཐོར་དུ་བཅད། དོང་ཧྲལ་ཧྲུལ་དུ་བཤིག་ནས་འཐོན། རྒྱལ་པོའི་ཕོ་བྲང་འཇིགས་པ་ཙམ་དུ་ས་གཡོས་ཁྱད་ནོར་གསེར་གྱི་ཕ་བོང་དཀར་པོ་མཛོད་ཀྱི་གཏིང་ནས་རིའི་རྩེ་མོར་གྱེན་ལ་འགྲིལ་བས། རྒྱལ་པོ་སྐྲག་མདངས་ནས། སློབ་དཔོན་གྱི་དྲུང་དུ་སོང་བ་ལ། སློབ་དཔོན་གྱིས། ཁྱོད་ཀྱི་ནུས་མཐུས་ང་ལ་གནོད་མི་འགྱུར། རྡོ་རྗེ་ཐེག་པའི་སྒོ་རུ་འཇུག་ན་