R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 61
[A:61]བདག་པོ་སོ་སོས་ཁྱེར། དེ་ནས་ཌ་ཀི་མ་པ་ཏའི་གྲོང་ཁྱེར་ཆེན་པོར་ཆང་ཁང་གཅིག་ཏུ་ཆང་ཁྱེར་ལ་ཤོག་གསུངས་པས་རིན་ཅི་འཇལ་འདྲི། ངེད་གཉིས་ངོམས་པར་བྱོས་ཤིག ཁྱོད་ཚིམ་པར་བྱའོ། །བཟླས་པས་ནམ་འཇལ་ཟེར་ཏེ་སླད་ཉི་གྲིབ་ཀྱི་མཚམས་སུ་ཤིང་ཐུར་གཙུག་ལ། འདི་མ་འདས་བར་སྟེར་གསུངས། ཆང་ཐམས་ཅད་ཟད་ནས་རིན་བླང་བཟླས་པས། གྲིབ་ཚད་ལ་མ་སླེབ་བོ་ད་དུང་ཆང་ཁྱེར་ལ་ཤོག་གསུངས། ཆང་ཁང་བཅོ་བརྒྱད་ཀྱི་ཆང་བླུད་དེ་ཉོས་པས་ཀྱང་རྣལ་འབྱོར་པ་མ་ངོམས། གྲིབ་ཚད་མ་འདས། རྒྱལ་པོའི་དབྱུག་གུ་དང་ཚུད་ཚོད་འཆུགས། རྒྱལ་ཁམས་ཀྱི་མི་ཐམས་ཅད་གཉིད་ཀྱིས་ཉོས་ནས། ཉུལ་ལེ་མ་རྣམས་ཀྱིས་དེའི་རྒྱུ་མཚན་དྲིས་པ་ཆང་མས་བཟླས། ཉུལ་ལེ་མས་ཉི་མ་ཐོངས་བྱས་པས། ང་ལ་ཆང་རིན་མེད་ཟེར་ཏེ་རྒྱལ་པོ་ལ་ཞུས་པས། གྲུབ་རྟགས་བསྟན་པར་དགོངས་ཏེ། རྒྱལ་པོ་རྣལ་འབྱོར་པའི་དྲུང་དུ་བྱོན་ནས། ཆང་རིན་ང་ཡིས་གཞལ་གྱིས་ཉི་མ་གཏོང་བར་ཞུ་ཞུས། ཤིང་ཐུར་སྟོན་པས་ཞག་བདུན་གྱི་ནམ་ཕྱེད་དུ་གྱུར་ཏོ། །དེའི་ཚེ་ནའང་གླུ་བླང་། སང་ཉིན་རྒྱལ་པོས་ཆང་རིན་རྣམས་བཅལ་ཏེ། གཏུམ་མོའི་ནུས་པ་མཆོག་ཏུ་གྱུར་པ་དང་། སིཧླ་དབང་དུ་འདུས་པའི་རྟེན་འབྲེལ་ལོ། །རྒྱལ་པོས་ཕྱག་དང་བསྙེན་བཀུར་བྱས། ཞབས་སྤྱི་བོར་བླངས་ནས། བླའི་མཆོད་གནས་སུ་བཞུགས་པར་ཞུས་པས། ང་མི་ཁོམ་གསུངས་ནས་མ་གནང་། རྒྱལ་པོ་ན་ར་པ་ཏའི་ཕོ་བྲང་གངྒཱའི་འགྲམ་ན་ཌོཾ་བྷི་བ་མང་པོས་གར་བྱས་ཏེ། འཕྲོ་བཅད་ལྟད་མོ་པ་མ་གྱེས་པར་འདུག་ནས། སློབ་དཔོན་གྱིས་སྔར་མ་བྱས་པའི་གར་གྱིས་