R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 64
[A:64]ནས། འོ་སྐོལ་ཡོན་མཆོད་དབང་ཕྱུག་གི་རྟེན་ལ་མཆོད་པ་ཆེན་པོ་འབུལ་བ་ཡིན་པས། ཐམས་ཅད་རྟེན་གྱི་དྲུང་དུ་བྱོན་ཅིག་བྱས་པས་སློབ་དཔོན་མ་བྱོན། ནན་གྱིས་བོས་པས་བྱུང་སྟེ། སྔོན་དུ་པོ་ཏི་དེ་བཞིན་བཞག་ནས་དེ་ལ་མཆོད་པ་དང་ཕྱག་བྱེད། འདི་ན་རིག་བྱེད་ཡོད་པ་ཡིན་ནམ་བྱས་པས། བརྒྱད་སྟོང་པ་ཡོད་ཟེར། རྒྱལ་པོས་རྟེན་ལ་ཕྱག་ཚོལ་བྱས་པས། འདི་ཡིས་ང་ཡི་ཕྱག་མི་ཐེག་གསུངས། སྲིད་པ་གསུམ་ན་ཁོ་བས་ཆེ་བ་མེད། ཕྱག་ཐེག་གིས་ཚོལ་བཟླས་པ། སློབ་དཔོན་བཞེངས་ཏེ་རལ་པ་ཅན་རྣམས་ལ་རྟེན་འདི་ཡིས་ངའི་ཕྱག་མི་ཐེག་གི རྒྱལ་པོ་ལ་གྲོས་ཐོབ་བཟླས་པས། ཁོང་རྣམས་ན་རེ། རྒྱལ་པོ་དབང་པོ་ཆེས་སྟག་ཚང་དུ་ཝ་བསོས། ཝའི་ཕྱག་སེང་གེས་མ་ཐེག་དོགས་ཀྱིས་ཚོལ་ཟེར། སློབ་དཔོན་ལ་རྒྱལ་པོ་གདུག་པ་ཅན་པ་དང་། རལ་པ་ཅན་རྨོངས་པ་རྣམས་ཀྱིས་ཕྱག་མི་འཚལ་བའི་དབང་མ་བྱུང་བས། འཇིག་རྟེན་པའི་ལྷ་ཆེན་པོ་བཞི་བཟོད་པ་ཁྱེར་ཅིག་གསུངས་ནས། ཐལ་མོ་གཡས་པ་སྤྱི་བོར་བཟུང་ཏེ་ན་མོ་བུདྡྷ་ཡ་ཞེས་བརྗོད་པས། ཤར་ཚངས་པའི་ཞལ་ཕྱེ་མར་གས། ཕྱོགས་བཟུང་ཞིང་དཔྲལ་བར་བཟུང་ནས། ན་མོ་དྷརྨཱ་ཡས་བྱང་དབང་ཕྱུག་གས། མགྲིན་པར་བཟུང་ནས་ན་མོ་སཾ་གྷ་ཡས་ནུབ་དབང་ཕྱུག་གས། སྙིང་ཁར་བཟུང་ནས་ན་མོ་གུ་རུ་བྷྱེ། ཞེས་པས་ལྷོ་འཇིགས་བྱེད་གས་ཏེ། རྟེན་ཚལ་པ་བཞི་རུ་གས་ནས་ཕྱོགས་བཞིར་འགྱེལ་བས། རྒྱལ་པོ་དང་རལ་པ་ཅན་བརྒྱལ། བརྒྱལ་བ་སངས་ནས་ཡོན་མཆོད་ཐམས་ཅད་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ནས། ངེད་ཡོན་མཆོད་འབངས་རིས་དང་བཅས་པ་རྣམས་ཀྱང་རྗེས་སུ་འཛིན་