R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 66
[A:66]བཏགས་ཏེ་བཞག་པ་རྣམས་སློབ་དཔོན་གྱི་ཏིཥྛ་བཛྲ་ཅེས་པས་བརྟན་པར་བཞུགས་སུ་གསོལ་ཏེ། དཀར་གསུམ་མངར་གསུམ་གྱི་མཆོད་པའི་ཕུད་ཀྱིས་ནང་པའི་སྐུ་རྣམས་མཆོད། ལྷག་མས་ཁོང་རང་གི་རྟེན་རྣམས་མཆོད་པར་དམ་བཅས་ཏེ། ཏམ་པ་ཏྲ་ཏི་མ་ལ་སློབ་དཔོན་གྱི་སྡེག་པ་སུག་མཛད་ནས། ངའི་ཕྱིར་ལ་འདེངས་གསུང་པས། ཀག་ལངས་ནས། ཕྱག་ཕྱིར་སོང་བ་ལ། མུ་སྟེགས་པ་རྣམས་ཀྱིས་སློབ་དཔོན་གྱི་ཞབས་སྤྱི་བོར་བླངས་ཏེ། ཅི་གསུང་པ་བསྒྲུབ་པས་རྟེན་འདིར་འཇོག་པར་ཞུས་པས། སྲོག་ཆགས་མི་སོད་པར་དཀར་གསུམ་མངར་གསུམ་གྱི་ཕུད་ཀྱིས་ཁོའི་སྤྱི་བོར་བཞུགས་པའི་སངས་རྒྱས་ཀྱི་རྟེན་ལ་མཆོད། དེའི་ལྷག་མས་དབང་ཕྱུག དེའི་ལྷག་མས་ཁོང་རང་རྣམས་ལོངས་སྤྱོད་པ་སོགས་དམ་བཅས་ཏེ་དབང་ཕྱུག་དེར་བཞག་གོ ། དེ་ནས་ཤར་ཕྱོགས་ན་ས་ཧ་ར་དེ་ཝི་ཞེས་པ་ན་རང་བྱུང་གི་ཏྲི་ཤུ་ལ་དང་། ལྷ་མོ་ཙན་ཏི་ཀའི་རྡོ་སྐུ་ཡོད་པའི་གཙུག་ལག་ཁང་ན་མུ་སྟེགས་པའི་རྣལ་འབྱོར་མ་སྟོང་ཕྲག་རེ་ཙམ་གནས་པས་ཐོ་ཕྱིར་བྱུང་ཚད་རྟེན་ལ་དངོས་གྲུབ་སློང་དུ་འདོད་ཟེར་ཏེ། རྟེན་གྱི་དྲུང་དུ་ཁྲིད་པས། ཏྲི་ཤུ་ལ་ལྐོག་མར་ཟུག་ནས་འཆི། དེའི་ཤ་ལ་ཁོང་རྣམས་ཚོགས་འཁོར་བྱེད་པ་གཅིག་ཡོད་པར་བྱོན་པས། རྣལ་འབྱོར་མ་རྣམས་གཙུག་ལག་ཁང་དུ་འདུས། འཁོར་གསུམ་པོ་ལ་སྒོ་ཁང་དུ་རླུང་ཁ་སྦྱོར་བཟུང་ལ། ས་ངན་གྱི་ཕུང་པོར་བསྒོམ་ནས་སློབ་དཔོན་ནང་དུ་བྱོན་ནས་གྲོགས་པོ་གསུམ་གར་སོང་ཟེར། སྒོ་ཁང་ན་འདུག་བཟླས། ནང་དུ་བོས་ཟེར། ཁྱོད་རང་གི་བོས་བཟླས། བོད་དུ་སོང་བས་སྐད་མི་སྟེར། མཛུབ་མོ་སུག་སུག་བྱས་པས། སྦུག་ངན་སུ་སུ། ས་ངན་