R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 67
[A:67]ལྷུག་བྱུང་སྟེ། གཙུག་ལག་ཁང་ཐམས་ཅད་དབུགས་ངན་གྱི་དྲི་ང་བས་གང་། སློབ་དཔོན་གྱིས་རྟེན་གཉིས་ལ་སྡིགས་མཛུབ་བསྟན་པས། ཏྲི་ཤུ་ལ་འདར་སིག་སིག ཙན་ཏི་ཀ་པར་པར་བྱེད། ཐལ་མོ་རྡབས་པས་ཏྲི་ཤུ་ལ་རྡུལ་ཕུང་དུ་སོང་། ཙན་ཏི་ཀའི་སྤྱི་བོར་ཐལ་མོ་བསྣུན་པས། མགོ་བོ་བྱང་ཁོག་ཏུ་ཐིམ་པས་རྣལ་འབྱོར་མ་ཐམས་ཅད་བརྒྱལ། བརྒྱལ་བ་སངས་པ་དང་། ཐམས་ཅད་ཀྱིས་སློབ་དཔོན་གྱི་ཞབས་སྤྱི་བོར་བླང་ནས། ནང་པ་སངས་རྒྱས་པ་སྙིང་རྗེ་ཆེ་བ་ལགས་ན། རྟེན་མི་བཤིག་པར་ཞུ་ཞུས་པས། སེམས་ཅན་ལ་འཚེ་བ་སྤངས་ཏེ་དཀར་གསུམ་མངར་གསུམ་གྱི་ཕུད་ཀྱིས་ཙན་ཏི་ཀའི་སྤྱི་བོའི་སངས་རྒྱས་ཀྱི་སྐུ་མཆོད། དེའི་ལྷག་མ་ཙན་ཏི་ཀ དེའི་ལྷག་མ་ཁྱེད་རང་རྣམས་ལོངས་སྤྱོད་པར་དམ་འཆའ་ན། མི་ཤིགས་གསུང་པས་དམ་བཅས་ཏེ་མ་བཤིག་གོ ། དེའི་ཚེ་ནག་པོ་པའི་བཤད་ཁྲིད་རྣམས་ཡོངས་སུ་རྫོགས་པ་སྒྲུབ་པའི་ལུང་བྱིན། རྡོ་རྗེ་ཚིག་རྐང་བརྗེད་ཐོར་ཡི་གེར་བཏབ། ཉིད་དང་ནུས་མཐུ་མཉམ་པར་བྱིན་གྱིས་བརླབས་ཏེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྐྱོང་ཞིང་ཨུ་ཙ་ཡ་ན་ལ་སོགས་པའི་དུར་ཁྲོད་གནས་ཆེན་རྣམས་འགྲིམ་ཤིང་། ཤར་ཕྱོགས་སུ་བྱུང་ལ་མུ་སྟེགས་པའི་རྒྱལ་པོ་འདོད་ཆགས་ཆོས་སུ་སྨྲ་བ་དྷེ་ཧ་ར་ཐུལ་ལ། འབངས་འཁོར་དང་བཅས་པ་རྡོ་རྗེ་ཐེག་པ་ལ་ཚུད་ལ། སེམས་ཅན་གྱི་དོན་གྱིས་ཤིག་གསུངས་ནས་བཏང་བ་ལྟར་སྤྱོད་པ་སྐྱོང་ཞིང་བྱོན་ནས། ཀན་དྷ་རིའི་ནགས་ཁྲོད་དུ་བསྒྲུབ་པ་ཟླ་བ་གསུམ་ཁ་བསྐང་པས། མངོན་ཤེས་དང་རྫུ་འཕྲུལ་མཉེས་ཏེ། སློབ་དཔོན་ཆེན་པོ་ཀམ་པ་ནག་པོ་པརྒྱལ་པོ་དྷ་ཧ་རའི་བཙུན་མོ་