R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 68
[A:68]གཟུགས་བྱད་ལང་ཚོ་ཕུན་སུམ་ཚོགས་ཤིང་སྒྱུ་རྩལ་སྣ་ཚོགས་ལ་མཁས་པ་བདུན་ཅུ་རྩ་གཉིས་ཡོད་པའི་ནང་དུ་སློབ་དཔོན་གྱིས་ཞུགས་པས། ཉུལ་ལེ་མ་དྷ་ར་ཧ་རྣམས་ཀྱིས་མཐོང་ནས་རྒྱལ་པོ་ལ་ཞུས་པས། ཟུངས་ལ་ཤོག་གསུངས། འཛིན་དུ་སོང་བས། ཁོ་ཁང་པ་ལ་སོགས་ལ་བཟང་ཐལ་དུ་སོང་སྟེ། མ་ཟིན་པ་ཞུས་པས་དམག་བསྐུལ་གསུངས། དམག་འཚོགས་པ་དང་། རྒྱལ་པོ་རྟ་ཐོག་ཏུ་བྱོན་ཏེ། དམག་གི་རིམ་པ་མང་པོ་བསྐོར་བས། སློབ་དཔོན་དཔག་ཏུ་མེད་པར་སྤྲུལ་ཏེ། གང་ལ་རྡེག་མ་ཤེས་པས། གྲུབ་རྟགས་བསྟན་པར་གོ་སྟེ། རྒྱལ་པོའི་རིན་པོ་ཆེའི་ཅོད་པན་ཕུལ། ཞབས་སྤྱི་བོར་བླངས་ཏེ་རྗེས་སུ་འཛིན་པར་ཞུས་པས། རྒྱལ་པོ་འབངས་འཁོར་དང་བཅས་པ་རྡོ་རྗེ་ཐེག་པ་ལ་བཙུད། སློབ་དཔོན་ནག་པོ་ཀམ་པ་བས་ལོ་བཅུ་གཉིས་སུ་བཤད་སྒྲུབ་ཀྱི་བྱ་བ་ལ་བརྩོན་པར་མཛད་པས། རྒྱལ་པོ་འཁོར་བཅས་མང་པོས་གྲུབ་པ་ཐོབ་བོ། ། དེ་ནས་རྣལ་འབྱོར་དབང་ཕྱུག་དཔོན་སློབ་གསུམ་གྱིས་རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་མཚམས་ན། ཐུགས་རྗེ་ཆེན་པོའི་སྐུ་རང་བྱོན་གཅིག་བཞུགས་པའི་དྲུང་དུ་བྱོན་ཏེ། ཕྱག་དང་མཆོད་པ་སྔོན་དུ་འགྲོ་བས་བདག་གི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་འདི་ལྟ་བུ་བྱས་ཞེས་ཞུས་པས། ཇོ་བོའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་ནུས་པས་རི་རབ་ཀྱང་རྡུལ་དུ་རློག་པར་ནུས་ཏེ། ལས་ཀྱི་དབང་གིས་སེམས་ཅན་མོས་པ་སྣ་ཚོགས་པ་སངས་རྒྱས་ཀྱིས་ཀྱང་དུས་གཅིག་ལ་འདུལ་བར་དཀའ་བས། བྱམས་སྙིང་རྗེ་དང་ལྡན་པས་སེམས་ཅན་ལ་གནོད་པ་སྤོངས་གསུངས། སློབ་དཔོན་གྱིས་ལྷོ་ནུབ་སོ་ཝ་ན་ཐ་ན་གཞོན་ནུ་ཀརྟི་ཀའི་རྟེན་རང་བྱུང་གཅིག་ལ་ཉི་མ་