R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 52
[A:52]ན་མོ་བི་རུ་པ་ཡེ། རྣལ་འབྱོར་གྱི་དབང་ཕྱུག་མཐུ་སྟོབས་ཀྱི་མགོན་པོ་དཔལ་བིརྺ་པའི་ལོ་རྒྱུས་ཟུར་ཙམ་བརྗོད་ནས། རྒྱ་གར་ཤར་ཕྱོགས་བྷི་ཤན་ཏྲའི་རྒྱལ་པོ་མུ་ཁྱུད་འཛིན། དེའི་སྲས་པོ་གསེར་གྱི་འཁོར་ལོ་ཅན་བྱ་བ་འདི་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ། ངོ་མཚར་གྱི་ལྟས་དུ་མ་དང་ལྡན་པར་གྱུར་ནས། རྒྱལ་པོ་ཆེན་པོའི་མདུན་ན་འདོན་བྲམ་ཟེ་མཚན་མ་ཅན་ལ་བསྟན་པས། སྲས་ཁྱད་པར་དུ་འཕགས་པ་གཅིག་འཁྲུངས་ཤིང་འཚོ་སྟེ། རྒྱལ་སྲིད་མི་འཛིན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ། མཁས་བཙུན་བཟང་གསུམ་ཉམས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་ནས། མཐུ་སྟོབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་འགྱུར་ཟེར། དེའི་ཕྱི་ལོ་སྲས་མོ་གཅིག་གཙེས་པ་བུ་ཡིན་བཟླས་ཏེ། ཕོ་ཆས་སུ་བཅུག ལྕགས་ཀྱི་འཁོར་ལོ་ཅན་དུ་མཚན་གསོལ། དུས་ལ་བབ་