R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 53
[A:53][B:༡བ]པ་ན་རྒྱལ་སར་བསྐོས་པས། སྐུ་བསོད་ནམས་དང་མངའ་ཐང་རྒྱས། གླང་པོ་ཆེ་ལྔ་སྟོང་ལ་ལོངས་སྤྱོད་པར་གྱུར་ཏེ། ལོ་བདུན་ནས་བུད་མེད་ཀྱི་རང་མཚན་བསྟན་པར་གྱུར་ལོ། ། རྒྱལ་སྲས་གསེར་གྱི་འཁོར་ལོ་ཅན་ཤར་ཕྱོགས་སོ་མ་ཙ་རའི་གཙུག་ལག་ཁང་ན་ཉན་ཐོས་རྩ་བའི་སྡེ་བཞི་ཡོད་པ་ལས་ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་དུལ་བའི་ལྷ་དང་། སློབ་དཔོན་རྒྱལ་བ་གྲགས་པ་ལས་རབ་ཏུ་བྱུང་། མཚན་ཤྲཱི་དྷརྨཱ་པ་ལར་གཏགས། སློབ་དཔོན་དེ་སྒྲ་ཚད་དང་སྡེ་སྣོད་བཞིམངོན་པཕར་ཕྱིནདབུ་མ་ལ་སོགས་ཕལ་ཆེའི་སློབ་གཉེར་གྲུབ་ནས། མཁན་སློབ་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་དང་འབུལ་བ་ཆེན་པོ་མཛད། རྡོ་ལས་བྱས་པའི་གཟིམ་ཁང་བདེ་མོ་གཅིག་ཡོད་པར། དཀོན་མཆོག་གི་རྟེན་གསུམ་ལ་མཆོད་པ་བཟང་པོའི་གཞི་རྟེན་ཕུན་སུམ་ཚོགས་པ་ལ་དཀོན་གཉེར་གཅིག་བསྐོས། ཡབ་ཡུམ་གྱི་སྡིག་[B:༢ན]སྦྱོངས་ཚོགས་བསོག་ལ་དམིགས། དེ་དུས་ན་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལྟ་བུར་དཔལ་ན་ལེནྡྲ་གྲགས་ནས་དེར་བྱོན། ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་རྣམ་པར་རྒྱལ་བའི་ལྷ་ལ་སོགས་པའི་དྲུང་དུ་བསྙེན་པར་རྫོགས་པར་མཛད། འདུལ་བའི་སྡེ་སྣོད་ཆ་ཚང་བ་ལ་ཤིན་ཏུ་མཁས་པར་མཛད་པས། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར་པས། མཁན་པོའང་ཤིན་ཏུ་མཉེས་ཏེ། སངས་རྒྱས་མྱུར་དུ་འགྲུབ་པར་བྱེད་པ་གསང་སྔགས་ཡིན། ང་འཁོར་ལོ་སྡོམ་པ་ལ་མཁས་པས་དད་ན་སྦྱིན་ནོ་གསུང་། རྗེས་སུ་འཛིན་པར་ཞུས། ཤིན་ཏུ་གསང་ནས་དབང་བཞི་རྫོགས་པར་བསྐུར། གསང་མཚན་རིན་ཆེན་རྡོ་རྗེར་བཏགས། དབང་ཆོས་རྣམས་