R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 71
[A:71]ཁོད་ཅིག གསུངས་ནས་ནག་པོ་ཀམ་པ་བ་ཅན་བཏང་ངོ་། ། སོ་ཝ་ན་ཐ་ནས་འགྲོ་ལམ་གཅིག་གི་ས་གྷུ་ཙ་རད་བྱ་བ། རྩེ་ཤིང་དང་རྩྭ་ཆུ་འཛོམས་པ་ས་བཟང་ལ་ཡང་བ་གཅིག་ཡོད་པའི་ས་རུ། རྣལ་འབྱོར་དབང་ཕྱུག་གི་འདྲ་བག་རྡོ་ནག་པོ་ལས་རང་བྱོན་པ་ཉི་མ་སྟོད་ལ་འཁྲུལ་འཁོར་བཅས་པ། ཞལ་གདངས་པ། ལྗགས་ཟློག་པ། ཕྱག་གཡོན་པ་མཆོག་སྦྱིན་པའི་ཕྱག་མཐིལ་ན་གསེར་འགྱུར་གྱི་རྩི་ཨ་རུ་ར་རྣམ་རྒྱལ་ཙམ་གཅིག་ཡོད་པ་ལ། ལྕགས་རེག་ཚད་གསེར་མཆོག་ཏུ་འགྱུར་བ་དེས། དཀོན་མཆོག་གི་ཞབས་ཏོག་དང་སྡུག་འཕོང་གི་དོན་སྒྲུབས་ཤིག གསུངས་པ་ལ་ལོ་འགའ་དེ་ལྟར་བྱས། དེ་ནས་རྒྱལ་པོ་འདོད་པ་སྐྱེས་ན་གསེར་སྲང་ཁྲི་ཁྲག་ཙམ་གྱི་དངོས་གྲུབ་ཞུས། ད་རུང་ཞུ་བསམ་པས་པར་མོ་བཙུམ། དགེ་འདུན་དང་སྡུག་འཕོང་རྣམས་ཀྱིས་གསོལ་བ་བཏབ་པས། གཟའ་ཉི་མ་དང་མིག་དམར་ཤར་བའི་ཞག་ལ་ཡ་ར་རང་དུ་འགྲོ། དེའི་དུས་སུ་ལྕགས་ཀྱི་ཅུག་མའི་རྩེ་མོ་བཙུད་དེ། གསེར་དུ་གྱུར་པ་བཅད་ཅིང་བསོག བྲམ་ཟེ་ཕོངས་པ་གཅིག་གིས་ས་རྡེ་གཙུག་ནས་གསོལ་བ་བཏབ་པས། གསེར་འགྱུར་རྩི་གནང་ནས་ཞག་བདུན་ན་སྐྱོལ་ཅིག་གསུངས། ཁོའི་ལྕགས་མང་པོ་ཉོས་ཤིང་བསྒྱུར་བས། ཞག་གསུམ་ན་རྒྱལ་པོས་ཚོར་ནས་ཁྱེར་ལ་ཤོག་གསུངས། ང་རྣལ་འབྱོར་དབང་ཕྱུག་གི་ཕྱག་དུ་འབུལ། ཁྱེད་རང་དེ་ནས་ལོངས་ཞུས་པས། རུང་ཟེར་ཏེ། རྒྱལ་པོའི་ནོར་གཉེར་བ་མི་བདུན་དང་སྡོངས་ནས་སོང་། བྲམ་ཟེས་ཕྱག་གི་མཐིལ་དུ་བཞག་པས་པར་བཙུམ། གཅིག་ན་རེ་ཕྱག་མགོ་ཆོགས་ཟེར་བས་ཁ་ལྐུགས། གཅིག་གིས་ཐོ་བ་བསྣུན་