R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 72
[A:72]པས་ལག་མགོ་ཆད་དེ་འཕྲལ་ལ་ཤི། རྒྱལ་པོ་ལ་ཤེས་སྐྱོན་བྱུང་ནས་གྲོངས་པས། ཤིན་ཏུ་སྙན་པའི་གྲགས་པས་སའི་སྟེང་ཐམས་ཅད་ཁྱབ་བོ། །རྡོ་སྐུའི་ཞལ་དུ་ཉི་མ་གཅིག་ལ་ཆང་ཁལ་སྟོང་བླུགས་ཀྱང་སིམ་ནས་འགྲོ། གདོང་དྲུག་པ་ལ་འབུལ་བའི་སྲོག་ཆགས་རྣམས་ཀྱི་ཕུད་སུམ་གཉིས་གྷུ་ཙ་རད་དུ་ཡན་པར་སྟོང་པ་དཔག་ཏུ་མེད་པ་འཕེལ་ཡོད་དེ། མི་ངན་ལྟ་ཅི་སྨྲོས། གཅན་གཟན་གྱིས་ཀྱང་གསོད་མི་ཕོད། ཤི་བའི་ཤ་མི་ཕོངས་དང་གཅན་གཟན་གྱིས་ཟའོ། །རྡོ་སྐུ་དེའི་མཚན་ནང་པས་བྷ་ལ་ན་ཐསྟོབས་ཀྱི་མགོན་པོ་ཟེར། ཁོང་གིས་ཕྱི་བའི་སྟོབས་བཅོམ་ཤིང་ཕྲོགས་པས། བྷ་ལ་ཧ་རསྟོབས་འཕྲོག་ཟེར། བསྟན་པའི་ཞབས་ཏོག་དང་སེམས་ཅན་གྱི་དོན་ལ་ལན་གསུམ་འཛམ་བུ་གླིང་དུ་འབྱོན་པར་འགྱུར་ཞེས་ཀྱང་ཟེར་བར་གདའ་འོ། ། ནག་པོ་པས་རྣལ་འབྱོར་དབང་ཕྱུག་གི་གསུང་ལྟར་དྷ་མ་ལའི་དོན་དུ་ཨུ་རྒྱན་བྱང་ཆུབ་ཆེན་པོ་ནས་རྡོ་རྗེ་ཚིག་རྐང་གསལ་བར་བྱེད་པའི་ལུང་སྐོར་གསུམ་ལ་སོགས་རྒྱུད་འབུམ་པ་ནས་གདན་དྲང་། དྷ་མ་པ་རྒྱུད་བྱིན་གྱིས་བརླབས་ཏེ། རླུང་ལས་རྣམ་རྒྱལ་གྱི་བྲག་ཕུག་ལ་སོགས་སུ་བསྒྲུབས་པས། མངོན་ཤེས་རྫུ་འཕྲུལ་བརྙེས་ཏེ། ཨུ་ཙ་ཡ་ནའི་དུར་ཁྲོད་ལ་སོགས་སུ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་འཁོར་འདས་རོ་མཉམ་སྟེ། སངས་རྒྱས་ཀྱི་བསྟན་པའི་ཞབས་ཏོག་དང་། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བསྒྲུབས་ནས། ནག་པོ་པའི་གསུང་གིས་མ་གྷ་ཏའི་རྒྱལ་པོ་སེང་གེ་རྣམ་པར་རོལ་བའི་རྒྱུད་བྱིན་གྱིས་རློབས་ཤིག་གསུངས་ནས། དྷ་མ་པས་མ་ཏ་ནར་བྱོན་པའི་སྙན་པ་ཆོས་ཀྱི་རྒྱས་པོས་གསན་ཏེ་ཕོ་བྲང་དུ་གདན་དྲངས། ཞབས་ཏོག་བསྙེན་བཀུར་