R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 11
[A:11]པས། ཇོ་བོའི་ཞལ་ནས་ཁྱོད་ཆོས་འདོད་པ་མ་ཡིན་ནམ་ཆོས་ནི་མཻ་ཏྲི་བས་ང་མཁས་གསུངས་པ་ལ། ཆོས་ལ་འགོས་ཀྱང་ཤིན་ཏུ་མགུ་དེ་ནས་བླ་ཆེན་འབྲོག་དང་མཇལ་ནས། བླ་ཆེན་གྱིས་རྗེ་ཐུགས་དམ་དང་འགལ་བར་མཆིའོ་ཞུས་པས། ཇོ་བོའི་ཞལ་ནས་ཁྱོད་རང་ལ་དམ་ཚིག་གི་ཉེས་པ་བྱུང་བར་མཆིའོ། །ཁོང་གཞུང་གི་བཤད་པས་ཚིམ་ནས་གདམ་ངག་ཁུངས་རང་མི་གཅོད་པར་འདུག་གསུང་ནས་ཕྱིས་ཀྱང་གསུང་ངག་མ་གནང་བགྱི་བར་གདའ། རྒྱུད་གསུམ་ལ་སོགས་ལ་འགོས་ཀྱིས་
པ་ཚབ་ཏུ་
འགྱུར་ཡང་བྱས། ཉན་བཤད་ཀྱང་མང་དུ་མཛད་ནས། གསེར་མང་པོ་ཕུལ་ཏེ་རྒྱ་གར་དུ་གཤེགས་
ཏེ་ལན་གཉིས་པ
། ཡང་དུས་ཕྱིས་
ཡུལ་ལོ་ཁ་བ་
གྱི་ཇོ་ཟླ་བའི་འོད་ཟེར་གྱིས་སྟོད་པུ་རངས་ན་ཚུར་སྤྱན་དྲངས་ནས། དེ་ཙམ་ན་བླ་ཆེན་འབྲོག་ནི་སྐུ་གཤེགས། དེ་ནས་པཎྜི་ཏས་བླ་མ་འབྲོག་མི་ལ་གསེར་བཅོལ་བ་བླངས་པ་ལ་སོགས་པའི་བརྫུན་གྱི་གཏམ་དེ་དག་བོར་བར་བྱའོ། །དེའི་དུས་སུ་གྱི་ཇོའི་སློབ་མ་གཉོས་འབྱུང་པོ་ལ་སོགས་པས་ཁ་རག་དུ་སྤྱན་དྲངས་ནས་བཞུགས་པའི་དུས་སུ། ཇོ་བོ་ལ་འཆི་ལྟས་བྱུང་ནས་ངའི་བུ་ཚ་བོ་ཐོད་ཕུ་ན་ཡོད་པས་དེར་སྐྱོལ་གསུང་། གཉོས་ལ་སོགས་པ་ན་རེ་
བླ་མའི་ཚེ་འདིའི་འབྲེལ་པ་ནི་རྒྱ་གར་ན་བདོག ཆོས་ཀྱི་ཕྱོགས་ཀྱི་བུ་བདག་ཅག་ཀ་ལགས་མོད་
ཐོད་ཕུ་ན་འབྲོག་མིའི་སློབ་མ་སེ་རོག་གཉིས་བྱ་བ་ཡོད་པ་ཡིན། ངེད་ཅག་བླ་མ་དངོས་ཀྱི་སློབ་མ་ལགས་ན་འདིར་བཞུགས་པར་ཞུ་བྱས་པས་དེས་མི་ཕན་ཡར་སྐྱོལ་གསུངས་ནས་ཐོད་ཕུར་བྱོན་ཏེ། སྒོམ་ཆེན་སེ་རོག་གཉིས་ལ་ཇོ་བོའི་ཞལ་ནས་བུ་ཀུན་བསྒྲུབ་པ་ལ་བརྩོན་འགྲུས་མ་ཆུང་ཞིག ངས་
བོད་དང་རྒྱ་གར་ལ་ཕར་འགྲོ་ཚུར་འགྲོ་