[A:13]བྱད་ལེན་ནུས་
རླུང་གི་ནུས་པས་ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་ནུས། བསམས་ན་ཤེས་པའི་མངོན་པར་ཤེས་པ་ཅི་རིགས་པ་ཡོད། འཕོ་བ་བྱེད་པར་ནུས་སྐད་དེ་ལ་སྤྱིར་སྨད་འདིར་བསྟན་པ་ལ་བླ་ཆེན་འབྲོག་བཀའ་དྲིན་ཆེ། སྟོད་དུ་རིན་ཆེན་བཟང་པོ་ཆེ་སྟེ་སྔོན་སངས་རྒྱས་དཀར་རྒྱལ་འཇག་ཁྲི་བ་བྱ་བ་བྱུང་ནས་འཕྲལ་ཆོས་འདྲ་ལ་ཏི་ས་གནད་བཅོས་པ་བསྟན་པས་མཁས་པ་ཡན་ཆད་འདུས་ན་ཆོས་ལོག་བཤད་པ་ལ་རིན་བཟང་གིས་མ་བཏུད་པར་ཟླ་བ་དྲུག་ཐུགས་དམ་མཛད་ནས་ཁོ་ཅན་བྱོན། ཐུན་སྟབས་པས་ཁོ་ཁྲི་སྟེང་ནས་ལྷུང་མོན་ཕྲུག་གཅིག་ཏུ་སོང་བཤད་པ་ཡིན་བྱས་པས་ཁ་ན་བ་ཡིན་ཟེར། ཀླུ་དཀར་རྒྱལ་བྱ་བ་ཁོ་ལ་ཞུགས་པ་ཡིན་ཟེར། ཁོ་མོན་ན་དེང་སང་དུས་ལ་ཆོས་ལོག་དར་འགྲོ་གསུངས།
དེ། སྐུ་འདའ་ཀར་ངའི་ཕུང་པོ་འདི་ཞག་བདུན་མ་བསྲེག་པར་ཞོག་ཅིག ཞག་བདུན་ན་རིག་པ་འདི་ཉིད་ལུས་འདི་ཉིད་ལ་ཞུགས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་དོ་བདེ་མཆོག་ནས་དེ་འདྲ་བཤད་
གསུངས་པ་ལ། མི་རྣམས་ཀྱིས་མ་བརྟགས་པར་གློ་བུར་དུ་གནས་ལས་བསྐྱོད་དེ་དྲོད་མ་ཡལ་བར་འདུག་གསུངས། དེ་ལྟ་བུའི་བླ་ཆེན་དེ་ལ་སྤྱིར་སློབ་མ་ཤིན་ཏུ་མང་ན་ཡང་སློབ་མའི་མཆོག་ཏུ་ཡོད་གསུང་ཙ་ན་ཐོག་མར་གྲུབ་པ་ཐོབ་པ། དེ་ནས་གཞུང་ཚར་བ། དེ་ནས་མན་ངག་ཚར་བ་གསུང་
ཅེ་ན། གཞུང་ཚར་བའི་སློབ་མ་དང་། མན་ངག་ཚར་བའི་སློབ་མ་དང་། གྲུབ་པ་ཐོབ་པའི་སློབ་མ་དང་གསུམ་མོ། །དེ་ལ་གཞུང་ཚར་བའི་སློབ་མ་ནི་ལྷ་རྩེའི་གྱི་ལྗང་དབུ་དཀར་བ་ཁོང་གིས་གཞུང་ཚར་ནས་གསུང་ངག་ཞུས་པས་ནོར་ཁྱེར་ལ་ཤོག་གསུངས། དེར་དབུས་སུ་ཕྱིན་གཡུ་ཕད་ཁུད་གང་རྙེད་བླ་ཆེན་ལ་ཕུལ་ནས་བླ་མའི་ཆོས་ཀྱི་བཙལ་བ་མིན་ཕན་བྱ་གནོད་བྱ་རྙེད་པ་ཡིན་ཟེར། བླ་ཆེན་གྱི་བསམ་མི་ཁྱབ་ལ་སོགས་པ་ལས་གསུང་ངག་མ་གནང་གསུངས
། ཤངས་ཀྱི་བྲག་རྩེ་སོ་ནག་པ། འཕྲང་འོག་གི་སྲས་སྟོན་