R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 15
[A:15]ཕུའི་གཡམ་འཁར་མ་ཡིན། དེས་བླ་ཆེན་ལ་དབང་ཞུས་ནས་གདམ་ངག་གསུངས་པ་ནི། བསམ་མི་ཁྱབ་གྱི། མིག་གི་རྣམ་ཤེས་རྟོག་པ་ཡིས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་བསྟན་པའི་ཚིག་ལ་བརྟེན་ནས། མུ་གུ་ལུང་གི་ཆོས་ས་དེ་ཉིད་དུ་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ཏུ་སོང་སྐད་དོ། །དེས་ན་མོས་གུས་ཅན་བྱིན་
གྱི་
བརླབས་
ཀྱིས་
ཁམས་འདུ་བ་
ཚེ་འདིའི་ཟས་གོས་ཀྱི་རྟོག་པ་གང་ཡང་མེད་པར་སྒྲུབ་པ་འབའ་ཞིག་བྱས་དེ་
ཡིན་ཏེ། ཚེ་འདི་ཉིད་ལ་
ཁོང་མང་འཁར་གྱི་རི་ལ་བཞུགས་ཙ་ན་བླ་མ་སེས་ལྷོ་ཤེད་ན་ཕར་ཆོས་འཁོར་ལ་བྱོན། འབུལ་བ་མང་པོ་བྱུང་ནས་མང་འཁར་ན་མར་བྱོན་ཙ་ན་འདི་ན་ངའི་ཨ་ཆེ་གཅིག་ཡོད་པས་ཕྲད་དུ་འགྲོ་གསུངས་ནས་ཁོང་ཅན་བྱོན་པས། ཁོང་ན་རེ་འདི་ན་མར་བན་བུན་འགྲོ་བ་འདི་པ་ཅི་ཡིན་བྱས་པས་བདག་གི་ཡིན་བྱས་པས་ཁྱོད་ཀྱང་རླུང་གིས་ཁྱེར་ཨ་གསུང་དེས་པས་སྐྱེམ་པ་འོང་མ་མྱོངས་ཟེར།
ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་གྲུབ་ནས་བོ་དོང་གི་རིའི་བྱེ་བྲག་སྨན་ནགས་རྒྱལ་གྱི་གནོད་སྦྱིན་མོའི་མཆོད་གནས་བྱེད་ཅིང་ད་ལྟའང་བཞུགས་ཏེ་འགའ་ཞིག་གིས་སྐབས་སུ་མཐོང་བ་ཡང་འབྱུང་ངོ་། །ཡང་གཅིག་ནི་
མིང་པོ་བདུན་གྱི་སྲིང་མོ་ཡིན
ཤབ་ཀྱི་ཚ་མོ་རོང་པ་རུས་རྗེ་མོ་ཡིན། ཁོང་གིས་ཀྱང་མུ་གུ་ལུང་དུ་བྱོན་ནས་དབང་གདམ་ངག་ཞུས་པས་གནང་ནས་བསྒྲུབས་པས་ཚེ་འདི་ཉིད་ལ་གྲུབ་
དཔལ་གྱི་རི་ལ་གཤེགས་
སྐད། གཅིག་ནི་དབུས་ཀྱི་འཕན་ཡུལ་གྱི་མཆེད་མོ་སྟེ། དེས་ཀྱང་བླ་མ་འབྲོག་མི་ལ་དབང་བསྐུར་ཞུས་བདེ་མཆོག་གི་གདམ་ངག་དང་བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ་ཐུན་མོང་གི་གདམ་ངག་གནོད་སྦྱིན་མོ་དབང་དུ་བྱ་བ། ལམ་གྱི་ཡན་ལག་སྨན་ཆེན་པོའི་བཅུད་