R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 20
[A:20]སོང་། འབྲོག་མི་ཤཱཀྱ་ཡེ་ཤེས་ཤཱཀྱ་ཐུབ་པར་སོང་ཡང་ད་ཕྱིན་ཆད་འགྲོ་ས་མེད་
སྙམ་སྟེ་ལོག་ལྟ་སྐྱེས་
ཟེར་ནས་ཡུལ་དུ་མ་ཕྱིན་པར་ལྷོ་སྟོད་དི་ཤྲི་ཤེད་དུ་བྱོན་པས། འབྲོག་མིའི་སློབ་མ་མཆོག་ཡིན་ཟེར་བའི་སྙན་པ་དང་གྲགས་པས་བསོད་ནམས་ཆེན་པོ་བྱུང་ནས་དེར་སློབ་མ་འགའ་ཞིག་ལ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་བྱིན་རླབས་གཅིག་མཛད་པས། ཞལ་ནས་ཁྲག་དུ་སྐྱུགས་ཏེ་བསྙུང་ནད་ཀྱིས་ཟིན་པ་ལ། འབྲོམ་ན་རེ་ངའི་བླ་མ་དེ་སངས་རྒྱས་དངོས་ཡིན་ཞིང་ངའི་སྣོད་རྟོག་པ་ཡིན་པར་འདུག་པ་ལ་ངས་དེ་ལྟར་མ་ཤེས་པས་ང་ལ་དམ་ཚིག་གི་ཉེས་པ་བག་ཙམ་བྱུང་སྟེ། འོན་ཀྱང་བདག་བླ་མའི་ཐུགས་རྗེས་
བར་དོར་
རྗེས་སུ་འཛིན་པར་འདུག ངའི་ཡོ་བྱད་འདི་རྣམས་ཁྱེར་ལ་བླ་མའི་ཕྱག་ཏུ་ཕུལ། ཁྱེད་རྣམས་གདམ་ངག་སུ་ཞུ་ཡང་ངས་བྱས་པའི་དཀའ་ལས་ཙམ་མི་དགོས་པར་གནང་ནས་འོང་བར་འདུག་གིས་ཞུས་གསུངས་ཏེ། དེའི་དུས་སུ་རྟོགས་པ་ཁྱད་པར་ཅན་སྐྱེས་ནས་གཤེགས་སྐད། འཁོར་རྣམས་ཀྱིས་སྤུར་ཞུགས་ལ་བཞུ་སྟེ། གདུང་དང་ནོར་རྟ་བཅུ་བདུན་གྱི་བླ་ཁལ་འོག་ཁལ་དང་བཅས་པ་ཁྱེར་ནས། མུ་གུ་ལུང་གི་མདའ་ན་ཡར་དུང་འབུད་ཅིང་འོངས་ཙམ་ན། བླ་ཆེན་གྱི་ཞལ་ནས་ངའི་སྙིང་བཏོན་པ་སྙམ་བྱེད་ཀྱིས་སུ་འདུག་ལྟོས་དང་གསུངས་ནས་བལྟས་པས། འབྲོམ་གྱི་འཁོར་དུ་འདུག་པས་ནོར་རྣམས་དང་གདུང་བླ་མའི་ཕྱག་ཏུ་ཕུལ་བས།
གདུང་
སྤང་དུ་བཞེས་ནས་
བུ་ལ་ཚེ་འདི་ལ་གྲུབ་མཐའ་སྙོགས་པ་གཅིག་རེ་བ་ཡིན་ཏེ་
བུས་ཕབ་སྙགས་པ་ཨང་གསུང་ནས་མང་དུ་བཤུམས། ཁྱེད་ཚོའི་ནང་ན་གདམ་ངག་སུ་འདོད་པ་ལ་དཀའ་བ་མི་དགོས་པར་བཤད་ཀྱིས་གསུངས་པ་ལ་ཞུ་བ་མང་པོ་ཡང་མ་