R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 19
[A:19]བྱས་པས། བླ་ཆེན་གྱི་ཞལ་ནས་ཇི་ལྟར་འདུག་གསུང་བ་ལ། སྔར་གྱི་རྨི་ལམ་རྣམས་བཤད་པས་བླ་ཆེན་གྱི་ཞལ་ནས་ཁྱོད་ལ་གདམ་ངག་མི་སྟེར་ན་སུ་ལ་སྟེར་འོན་ཀྱང་ཁྱོད་ངའི་གཞུང་འཛིན་པར་འོང་གསུངས་ནས། བསམ་མི་ཁྱབ་ཀྱི་གདམ་ངག་ལ་སོགས་པ་ལས་མ་གནང་སྐད། གདམ་ངག་ཚར་བའི་སློབ་མ་གསུམ་ནི། ལྷ་བཙུན་ཀ་ལི་ཇོ་མོའི་མིང་པོ་ཡིན་ཏེ་གདམ་ངག་ཡོངས་སུ་རྫོགས་པར་ཚར་ཡང་གཞན་ལ་འཕེལ་བ་མེད་དོ། །ཤཱཀ་རྒྱལ་འབྲོམ་ནི་འཕན་ཡུལ་བ་ཡིན་རིགས་དང་སྐྱེ་ས་ཡོངས་སུ་བཟང་ཞིང་ལོངས་སྤྱོད་ཆེ་བ་ཡིན། ཁོང་གིས་བླ་མ་འབྲོག་གི་སྙན་པའི་གྲགས་པ་ཐོས་ནས་དད་པ་སྐྱེས་ཏེ། ནོར་མང་པོ་ཁྱེར་ནས་མུ་གུ་ལུང་དུ་བྱོན་ནས་རྣམ་གཞག་ཆེན་པོ་བྱས་ནས་
གཡུ་འབྲོག་མི་ཞོ་ཡུམ་བྱ་བ་ཡང་བུམ་སྙིང་ལ་ཕུལ་
དབང་བསྐུར་ཞུས་ཏེ་གསུང་ངག་ཞུ་བ་ལ་ཞབས་ཐོག་རྒྱ་ཆེན་པོ་མཛད་པ་ཡང་ཆོས་ཐུན་རེ་ལ་ནང་གི་མཆོད་པ་རེ།
གཏོར་མ་མི་རེས་ཐེག་ཚད་རེ་
གསེར་ཞོ་རེ
འི་མཎྜལ་
ཞབས་ཁྲིས་ལ་དར་ཤམ་རེ་བྱས། དེ་དུས་ཀྱི་དར་བཟང་ཞིང་དཀོན་དེ་ད་ལྟའི་ཟ་འོག་ཤམ་རེ་དང་རིན་མཉམ་གསུངས། དེ་ལྟར་དུས་ཁྱད་པར་ཅན་དང་ནར་མའི་བསྙེན་བཀུར་དཔག་ཏུ་མེད་པ་མཛད་ཅིང་ཡུན་རིང་དུ་བསྟེན་སྟེ། ཞབས་ཐོག་ཆེ་བས་གསུང་ངག་རིན་པོ་ཆེ་འདི་ཚར་ནས་ཡུལ་དུ་བཞུད་པར་དགོངས་ཏེ། དཔེ་ཆ་འགེལ་བའི་རྟ་གཅིག་
གཡར་དུ་
ཞུས་པས་བླ་ཆེན་གྱི་ཞལ་ནས་
དཔེ་ཆ་མི་ཐེག་པ་དང་ཡུལ་དུ་འགྲོ་བ་ཡང་བདེན་ཏེ་
བླ་མས་སློབ་མ་ལ་འབུལ་བ་བྱ
ས་པའི་ཁྲིམས་མི་འདུག་
བ་མི་ཡོང་གསུང་ནས་མ་གནང་། དེར་འབྲོམ
སྔར་ཞབས་ཐོག་བྱས་པའི་ཡུས་ཀྱིས་
ཐུགས་མུག་སྟེ་མུ་གུ་ལུང་རྡོ་རྗེ་གདན་དུ་