R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 24
[A:24]ཡིན། ཆོས་བློ་ལ་ཟིན་པ་དེ་སྐྱུག་ཏུ་ནི་མི་འདོད་ད་ཇི་ལྟར་བྱ་ཟེར་ནས་ཞབས་ཐོག་བསྣན་ཏེ་ཕྱིས་བླ་ཆེན་ཉིད་ལའང་ལེགས་པར་ཞུས་སོ། །བླ་ཆེན་གྱི་ཞལ་ནས་སེ་ལྕེ་ལ་རེ་འདི་ལ་ངའི་གདམ་ངག་རྣམས་མ་ཚོར་བར་ཤོར་གསུངས་པ་ལ། སེ་བཤུམས་ཏེ་ངོས་ཀྱང་བུ་མ་ལགས་སམ་ཞེས་ཞུས་པས། ངས་ཀུ་རེ་བྱས་པ་ཡིན་ཁྱོད་ལ་
གདམ་ངག་
མི་སྟེར་ན་སུ་ལ་སྟེར་གསུངས། དེ་ལྟར་ལོ་བཅོ་བརྒྱད་ལྷག་ཙམ་གྱི་བར་ལ་གདམ་ངག་རིམ་གྱིས་གནང་སྟེ། ཐམས་ཅད་ཚར་ནས་དེའི་རྗེས་སུ་ལམ་བསྡུས་ཏེ་བསྒྲུབ་པའི་ལུང་སྦྱིན་པ་མཛད་པས་བུམ་པ་གང་བྱོའི་ཚུལ་དུ་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ཅེས་གྲགས་སོ། །དེ་ནས་གཞུང་གི་བཤད་པ་ཞུས་པས་བླ་ཆེན་གྱི་ཞལ་ནས་
ངས་
བླ་མ་གཅིག་གི་དྲུང་དུ་གཞུང་ཚར་བའི་སློབ་མ་ལ་གདམ་ངག་མི་བཤད། གདམ་ངག་ཚར་བའི་སློབ་མ་ལ་གཞུང་མི་བཤད་པའི་དམ་བཅའ་བྱས་པ་ཡིན་པས་ཁྱོད་གཞུང་ཉན་ན་ས་སྐྱར་སོང་གསུངས་ནས་མ་གནང་། སེས་ཀྱང་ས་སྐྱར་ལོ་བཞི་གཞུང་གི་བཤད་པ་དགེ་བཤེས་དཀོན་མཆོག་རྒྱལ་པོ་ལ་ཚར་བར་བསླབས་སོ། །དེ་ལྟ་བུའི་རྗེ་སེ་དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་མངའ་ཞེ་ན། བསྐྱེད་རིམ་ལ་བརྟན་པ་ཅུང་ཟད་ཐོབ་
ཁྱད་པར་དུ་
རྩ་སྔགས་ཀྱི་སྒོ་ནས་ནུས་པ་བརྙེས་ཏེ། འཁར་ཆུང་གི་ཀླུ་སྲིན་མོ་ཤིན་ཏུ་ཐུ་བ་གཅིག་ཡོད་པ་དེ་བཏུལ་ནས་གནས་ཀྱང་སྤོས། ཅི་བསྒོ་བ་ཉན་ཞིང་དེ་དབང་དུ་འདུས་སོ། །དེས་གནོད་པ་བྱས་ཏེ་གློ་བུར་དུ་འཛེ་བྱུང་བ་ཀུན་བླ་མའི་ཕྱག་གིས་རེག་པ་ཙམ་གྱིས་སོས་
སྐུའི་བཀོད་པ་དུ་མ་ཡང་མཛད། སྟོན་མོ་བྱུང་བ་ཐམས་ཅད་ཀྱི་གྲལ་འགོ་ལ་སེ་སྤྱན་འདྲེན་པ་ལ་ཉིན་གཅིག་ལ་སྟོན་མོ་དུ་བྱུང་ཡང་ཐམས་ཅད་ཀྱི་གྲལ་འགོར་སེ་འོང་གསུངས་
སོ། །དེ་ལྟ་བུའི་རྗེ་སེ