R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 25
[A:25]དེ་ལ་སློབ་མའི་མཆོག་དུ་ཡོད་ཅེ་ན། གདམ་ངག་རབ་ཏུ་ཐོབ་པ། འབྲིང་དུ་ཐོབ་པ། ཐ་མར་ཐོབ་པ་གསུམ་ཡིན་ནོ། །དེ་ཡང་རབ་ཏུ་ཐོབ་པ་ནི་གཙང་སྨད་དེངས་ཀྱི་ཞང་སྟོན་མཆེད་གཉིས་ཡིན་ཏེ། ཁོང་ལ་འབངས་ལ་སོགས་པའི་བྱ་བ་རྒྱ་ཆེན་པོ་ནི་མེད། གསུང་རབ་ཀྱི་རྩི་འགྲས་བྱེད་པ་ཞིག་ཡིན་ཏེ། བླ་མ་སེས་མདོ་སྡེ་དང་འབུམ་བྲིས་པའི་རྩི་འགྲས་ལ་བོས་ཏེ། རྩི་འགྲས་ཚར་ནས་ཡོན་མ་བརྫངས་པ་ལ་ཁོང་གིས་གསུང་ངག་རིན་པོ་ཆེའི་ཁུངས་ཆོད་ནས་
ཁོང་གཉིས་གྲོས་བྱས་ཏེ་ཡོན་རྣམས་ཕུལ་ལ་གདམ་ངག་ཞུའམ་བྱས་པས་མཐུན་ཏེ
། རྩི་འགྲས་ཀྱི་ཡོན་རྣམས་ཕུལ་ཏེ་ཞུས་པས། བླ་མའི་ཞལ་ནས་འདི་རྣམས་ཁྱེད་རང་ལག་གི་གླ་ཟ་བས་ཐོབ་པ་ཡིན་པས་ང་མི་འདོད། ཡོ་བྱད་ཡོད་ན་ཡུལ་ནས་ཁྱེར་ལ་ཤོག་གསུངས་ནས། ཡུལ་དུ་ཕྱིན་ནས་ལོངས་སྤྱོད་ཅི་ཡོད་པ་ཁྱེར་ནས་འོངས་ནས་
ནས་སུམ་བརྒྱ་དང་ཁྲབ་གཅིག་
བླ་མ་ལ་ཕུལ་སྤྱོད་ལམ་གྱི་སྒོ་ནས་ཤིན་ཏུ་མཉེས་པར་མཛད་དོ། །ཤེས་རབ་ཀྱང་ཤིན་ཏུ་ཆེ་བར་བྱུང་བས་བླ་མ་ཐུགས་དགེས་ཏེ་ངའི་ཆོས་འདི་ཞང་སྟོན་མཆེད་གཉིས་ཀྱིས་གོ དེའི་ནང་ནས་ཀྱང་ཞང་སྟོན་གཟི་བརྗིད་འབར་གྱིས་གོ་ཞེས་ཡང་དང་ཡང་དུ་བསྔགས་པ་མཛད་དོ། ། འབྲིང་དུ་ཐོབ་པ་ལས་འཕྲོས་པ་ཞར་ལས་བྱུང་བ་ཞ་མའི་ལོ་རྒྱུས་ནི།
ཁོང་
ཡུལ་ལྷོ་སྟོད་ཕ་དྲུག་པ་ཡིན་ལྕམ་སྲིང་གཉིས་ཡོད་པ་ལས། སྲིང་མོ་ཇོ་མོ་ཞ་ཆུང་མ་ཞེས་ཡོངས་སུ་གྲགས་པ་དེ། སྡུག་བསྔལ་འབའ་ཞིག་གིས་
སྔར་ཡང་གཉའ་ཚ་བྱ་བར་ཁྱིམ་ཐབ་ལ་ཕྱིན་ནས་ཁྱོ་ཤི་དེ་ནས་རྨ་ཆོས་འབར་་་་་་ཨ་བྱའི་སློབ་མ་ཡིན། བྱ་བའི་ཇོ་མོ་མཛད། ཁོང་གྲོངས་པས་
རྐྱེན་བྱས་ཏེ་སྙིང་རླུང་བྱུང་ནས་སྨྱོ་བ་ལ། དེ་ཙམ་ན་གདམ་ངག་སུ་ཆེ་དྲིས་པས་དིང་