R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 27
[A:27]ཡིན་གསུངས
བླ་མའི་ཞལ་ནས་འོ་ན་ཁྱོད་ལ་འདི་འདྲ་བ་མ་བྱུང་ངམ་ཞེས་དྲིས་པས་ཞ་ཆུང་མའི་ཉམས་མྱོང་གི་ཐོག་ཏུ་བབས་ཏེ། མགོ་བོ་ས་ལ་རྡེབ་ཅིང་ཕྱག་འཚལ་ནས། རྗེ་སངས་རྒྱས་བྱ་བ་དེ་ལགས་སམ་ཟེར་ཅིང་བྱུང་བ་ལ། རྗེའི་ཞལ་ནས་ཞ་ཆུང་མ་ལ་སྒོམ་འདུག་སྟེ་གདམ་ངག་མི་འདུག་སེ་འཁར་ཆུང་བ་ལ་གདམ་ངག་ཡོད་དེ་སྒོམ་མི་གདའ།
ཆ་ལ་
ཚེ་འདི་ལ་སངས་རྒྱས་འོང་དུ་མ་ཐོ་སྤྲང་པོ་པེ་ཀར་འདིས་ཀྱང་གནོད་པ་གཅིག་ཀྱང་སྐྱེལ་དུ་མ་འདོད་
ཐ་ན་སྙིང་རླུང་གཅིག་ཀ་བཏང་དང་ངས་ཏིང་ངེ་འཛིན་དུ་བཀྲལ་ཤེས་པ་ཡིན་ཏེ་
གསུངས་ནས། དེའི་རེས་ལ་གདམ་ངག་མ་གནང་སྐད།
འཁར་ཆུང་དུ་ཤོག ཁམས་ངན་པར་འདུག་པས་གྲོགས་གཅིག་ཁྲིད་ལ་ཤོག་གསུངས་ནས་
ཕྱིས་ཞ་མ་ལྕམ་སྲིང་གིས་ཞབས་ཐོག་ཆེན་པོ་ཁྱེར་ནས་འཁར་ཆུང་དུ་བྱོན། དབང་བསྐུར་བ་ཞུས་གདམ་ངག་བསྟན་པས་ཞ་ཆུང་མའི་ནད་དེ་སོས་ནས་ཁྲིད་བྱས་པས་གཞུང་ཚར་བར་ནི་མ་མཉན་གསུང་ངོ་། །དགེ་བཤེས་ཞ་མས་ནི་གསུང་ངག་རགས་རིམ་གཅིག་མཉན་ནས་སེམས་ཚིམ་སྟེ་
མཆོག་ཤེས་པའི་བདུད་བྱུང་
ལྕམ་སྲིང་འགྲོ་བར་འདུག་པ་ལ་རྗེའི་ཞལ་ནས་ཞང་སྟོན་པ་གཉིས་ལ་ཁོང་ལྕམ་སྲིང་གཉིས་ནི་འགྲོ་བར་གདའ། གདམ་ངག་ནི་མ་ཚར་བརྒྱུད་པ་འདིའི་ལུགས་ཀྱིས་མ་ཞུས་པར་མི་གནང་བར་གདའ།
ཁོང་པ་མི་ཆེན་དུའང་གདའ། གདམ་གིའང་སྣོད་དུ་གདའ་བས་
འདི་པ་ལ་གསུང་ངག་འདི་རྫོགས་པར་བཤད་པར་འདོད་ན་ཡང་ཁོང་པ་མི་ཞུ་བར་གདའ་བས། ད་དུང་མ་འགྲོ་བར་གསུང་ངག་ཚར་བར་ཉོན་ཅེས་གྲོས་ཐོབ་གསུངས་པས། ཞང་པ་མཆེད་གཉིས་ཀྱིས་ཁོང་པ་ལ་ད་དུང་རྗེ་ལ་གསུང་ངག་རིན་པོ་ཆེའི་འཕྲོ་བག་ཙམ་བདོག་པར་གདའ་