R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 26
[A:26]རི་བླ་འཁོར་ན་དམ་པ་རྒྱ་གར་ཆེ་ཟེར་བ་ཐོས་ཏེ། དམ་པ་ལ་ཞུས་པས་དམ་པའི་མངོན་ཤེས་ཀྱིས་གཟིགས་པས་ལེགས་པར་མཁྱེན་ཏེ། ཁྱོད་ཀྱིས་དང་པོ་བླ་མ་ལ་དབང་བསྐུར་ཞུས་ནས་དབང་ཡོན་མ་ཕུལ་བར་འདུག་པས་དེའི་སྐྱོན་ཡིན་གསུངས་པ་ལ། དེ་བདེན་ཏེ་བླ་མ་རྨ་ཆོས་འབར་ཞེས་བྱ་བའི་ཇོ་མོ་བྱས་ཏེ་ཉེ་སྙེམས་ཀྱིས་
དབང་ཡོན་
མ་ཕུལ་བ་ཡིན་ལ། དེའི་ཞབས་ཐོག་བྱ་བར་འདོད་ནའང་བླ་མ་ནི་མི་བཞུགས། བླ་མའི་གདུང་བཞུགས་པའི་མཆོད་རྟེན་གཅིག་ཡོད་པ་ལ་བལ་པོ་ནས་གྷ་ཛི་ར་བླན་ཏེ་བཙུགས་པས་ལོ་གཅིག་གི་བར་དུ་ནད་དེ་ལེགས་པར་དྲག་སྐད། དེ་ནས་
ཡང་ཐུ་ནས་དམ་པ་ཅན་ཕྱིན་པས་མདོ་རྒྱུད་བསྟན་བཅོས་རྒྱལ་ཁམས་སྐོར་གསུངས། དེར་སྣུབས་ཡུལ་རོང་དུ་ཕྱིན་པས་ལྷ་རྗེ་སྣུབས་པའི་བན་ཆུང་ཁ་གཅིག ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་ཀྱིས་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་ཟེར་བ་ལ་བརྟན་ནས་ནང་དུ་ངེས་ཤེས་ཁྱད་པར་ཅན་སྐྱེས་པས་དྲག
ཡང་སྨྱོ་ནས་དམ་པ་ལ་ཞུས་པས་རྔ་གཅིག་གཏད་ནས་འདི་རྡུངས་ཟེར། བརྡུངས་པས་སྐད་ཆེན་པོ་གཅིག་བྱུང་སྟེ། ལ་ལ་ན་རེ་ཕྱིས་ཀྱི་གྲགས་པ་ཡོང་བའི་རྟགས་ཡིན་ཟེར་རོ། །འོན་ཀྱང་ནད་ལ་མ་ཕན་ནས་གདམ་ངག་ཞུས་པས་སོང་ཞིག་པའི་ཕྱག་གི་བརྡ་མཛད་ནས་མ་གནང་སྟེ། དེ་ནས་དུས་ཕྱིས་བླ་མ་སེལྷོ་སྟོད་དིང་རི་ཤེད་དུ་ཆོས་འཁོར་གཅིག་ལ་གདན་དྲངས་ཏེ། དེ་ཙམ་ན་འབྲོག་མི་ལོ་ཙཱ་བ་དངོས་ཀྱི་སློབ་མ་ཡིན་ཟེར་བའི་སྙན་པའི་གྲགས་པ་ཞ་མ་བས་ཐོས་ནས། བྱོན་པའི་ལམ་ཀར་ཞ་མ་ལྕམ་སྲིང་གཉིས་འོངས་ནས་ཇི་ལྟར་ན་བའི་ལོ་རྒྱུས་རྣམས་བསྙད་པས་
ཁོང་ལྷམ་འབུར་མ་གཅིག་ལ་སྤ་ལྕག་གཅིག་ཏུག་ཏུག་མཛད་ཅིང་དེ་ཡང་ཏིང་ངེ་འཛིན་ཡིན། དེ་ཡང་ཏིང་ངེ་འཛིན་