R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 28
[A:28]བས་ཞུ་འཚལ། ཞར་ལ་ཁོ་བོ་ཅག་ཀྱང་ཞུ་བ་ལགས་བྱས་པས་ཞ་མ་ན་རེ་ཇོ་ཇོ་འདི་ཅི་གསུང་ངེད་ཅག་གིས་འཁོར་གསུམ་ཡོངས་དག་ལན་གསུམ་བྱས་བྱང་དང་ར་དང་ཆུང་ཚུན་ཆད་བསྐོར། ཇག་དམར་གྱི་གོས་རྐྱང་པ་རེ་ལས་མེད་པར་ཕུལ་བས་གྲང་གྲགས་ནས་ལམ་དུ་གཡག་གི་སྐྱིབས་འཇོ་ཞིང་འོངས་ཅི་ཡོད་ཕུལ་ནས་ཞུས་པ་ཡིན།
རྗེ་ལ་གདམ་ངག་ཡོད་ཟེར་ཏེ་འདུག་ཀྱང་འདུག་
རྗེས་ཀྱང་ཐུགས་ལ་བཏགས་ནས་གསུང་ངག་འདི་ཚར་བར་གནང་བ་ཡིན། འདི་ཚོ་ལས་མང་བ་དགོས་ཀྱང་མི་དགོས། ད་དུང་ཡོད་པ་སྐད་གསུང་ཡང་རྗེ་ཉིད་བརྫུན་གསུང་བ་ཡིན་ཟེར་ནས་མ་ཉན་པར་ཡུལ་དུ་སོང་ངོ་། །དེས་ན་ཡོངས་སུ་རྫོགས་པ་མེད་དེ་
ལམ་འབྲས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ཡིན་པ་ལ་སྡེ་སྣོད་སྤྱི་མཐུན་ཟེར། ཀྱེ་རྡོར་དབང་བསྐུར་པ་རྣལ་འབྱོར་དབང་ཕྱུག་ནས་རྒྱུད་པའི་དབང་ཆུ་མེད་པར་ནག་པོ་པ་ལ་བྱེད། མངོན་རྟོགས་རྒྱས་པ་བསྙེན་སྒྲུབ་བཞིས་མི་འཆིང་བར་མཚོ་སྐྱེས་དངོས་ཟེར་བ་རྣམས་སོ།
གདམ་ངག་འབྲིང་དུ་ཐོབ་ཅེས་གྲགས་སོ། །འོན་ཀྱང་ཇོ་མོ་ཞ་ཆུང་མ་དེས་བསྒོམས་པས་ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེས་ཏེ། ཐུན་མོང་གི་དངོས་གྲུབ་མངོན་ཤེས་བརྟན་པོ་ཡང་ཡོད་སྐད། རྫུ་འཕྲུལ་ལུས་གཅིག་ནས་གཅིག་ཏུ་སྤྲུལ་བ་དང་ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་བ་ལ་སོགས་པ་བླ་མ་ཞུ་བྱས་ཀྱིས་ཀྱང་གཟིགས་སྐད། རྗེ་དགོན་པ་བའི་ཞལ་ནས་ཞ་ཆུང་མ་འདི་ཚེ་འདི་ལ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་འགྲུབ་པ་
ལྕམ་ལེགས་སྨིན་ཀ་ར་ཙམ་གཅིག་འོང་བ་
ཡིན་པ་ལ། ཉམས་དབྱངས་ལ་དགའ་ཆེས་པས་ལམ་གྱི་བར་ཆད་དུ་སོང་གསུངས་སོ། །དེ་ལ་ཐ་མར་ཐོབ་པ་ནི་ཕ་དྲུག་གི་སྨད་ན་
བོང་ཤོད་
སེན་ཐོག་བསྒོམ་ཚོའི་དཔོན་ཟེ་སྒོམ་བྱང་སེང་ཞེས་པ་དེ་ལ་བག་ཙམ་འཕེལ་ཏེ། ཞིབ་ཏུ་