[A:29]ནི་མི་གསུང་བར་གདའོ། །
དེ་ལྟར་ན་གདམ་ངག་རབ་ཏུ་ཐོབ་པའི་མཆེད་གཉིས་ལས་གཅེན་པོ་ཞང་སྟོན་ཆོས་འབར་ལ། བླ་མ་ས་སྐྱ་པ་ཆེན་པོ་དེས་གསུང་ངག་ཇི་ལྟར་གསན་ཅེ་ན། འདི་ལྟར་ཁུམས་ཏེ་ལོ་རྒྱུས་ཅུང་ཟད་བརྗོད་ན། ཡབ་དགེ་བཤེས་དཀོན་མཆོག་རྒྱལ་པོ། ཡུམ་ཇོ་མོ་ཞང་མོ་ཞེས་པའི་སྲས་སུ་སྐུ་འཁྲུངས་ཏེ།
འཁོན་དཀོན་རྒྱལ་འཇག་ཤོངས་ནི་ཕུལ་ཞིང་བཙོངས། ཁོང་རིས་ཁའུ་ན་བྲའོ་བྱ་བར་བཞུགས། རེས་སྒྲོལ་གཅིག་ལྷ་ཁང་ན་ཡོད་པའི་དུས་སུ་ས་སྐྱ་ནི་ས་དཀར་ཞིང་སྣུམ་པ་གླང་པོ་ཆེའི་འཁལ་ཁུང་འདྲ་བ། ཆུ་གཡས་སུ་འཁོར་བ། ས་དཔྱད་བཟང་བར་འདུག་ཏེ་དགོན་པ་བྱ་སྙམ་སྟེ། གུ་ར་བ་འབུལ་ཟེར་ཀྱང་ཐུགས་ཟབ་པས་རྒོད་མ་གཅིག་སྩལ། དེར་དགོན་པ་མཛད། འཁོར་བན་སྡེ་སུམ་ཅུ་བཞི་བཅུ་ཙམ་ལ་རྒྱུད་གསུང་བའི་དུས་སུ། ཇོ་མོ་རྡོ་ཕྱུག་མ་ལ་སྲས་མེད། ཞང་མོ་ལ་བླ་ཆེན་འཁྲུངས་རྡོ་ཕྱུག་མ་ན་རེ། ཉིད་ཀྱི་གདུང་ཆད་དུ་ཕངས་པ་ཡིན། ཞང་མོ་ལ་སྲས་ཡོད་པ་བདག་ལ་གསང་བ་མ་ལེགས། ད་བདག་ལ་ནོར་མི་དགོས་བུའི་མ་ལ་དགོས་པས་ཟེར། མདུན་གྱི་ཞིང་མ་གཏོགས་པ་ཚོ་ཞང་མོ་ཡུམ་སྲས་ལ་གཏད་བླ་ཆེན།
དགུང་ལོ་བཅུ་གཉིས་ལོན་པ་དང་ཡབ་འདས་ནས་རྩིས་མཁན་ལ་རྩིས་བྱས་པས། གཤེགས་རྫོངས། ཕྱི་རྟེན། གདན་ས་བ་གཅིག་དང་གསུམ་ཉིན་གཅིག་ལ་བྱས་ན་ཤུལ་དུ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དུ་འགྲོ་ཟེར་ནས་འཕྲང་བྲག་དམར་ལ་སེར་ཚགས་བྱས་ཕྱི་རྟེན་གྱི་འགྲམ་ཏིང་
མ་གཅིག་ན་རེ། ཁྱོད་ཀྱི་ཕའི་སློབ་དཔོན་ཀྱང་ལོ་ཙཱ་བ་ཡིན། ཉིད་ཀྱང་ལོ་ཙཱ་བའི་སློབ་དཔོན་གཅིག་ལ་ཆོས་སློབ་དགོས་ཟེར་ཏེ། གཡུ་འཁར་མོ་ནས་
བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་
སྤྱན་དྲངས་ས་སྐྱའི་ཞིང་མོ་ཆེ་མ་རྟོགས་པའི་ཞིང་ཐམས་ཅད་ཕུལ་ནས་གདན་ས་མཛད་པར་ཞུས་པས་ཞལ་ཀྱིས་བཞེས་ནས
། བླ་མ་བ་རི་བའི་ཞལ་ནས་ཁྱོད་ཕ་ཇོ་སྲས་ཀྱི་བུ་
ལ་སློབ་གཉེར་བྱེད་དགོས་དེ་ལ་ཤེས་རབ་དགོས་