R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 3
[A:3]བློན་གྱིས་ལྷ་ས་རྩིག་པའི་དུས་སུ། རུ་གནོན་དུ་བརྩིག་པའི་གཙུག་ལག་ཁང་
བཞི་ལས་གཡས་རུ་ན་ཅང་འཕྲང་། རུ་ལྷག་ན་རྒྱང་། གཡོན་རུ་ན་ཁྲམ་འབྲུག སྦུ་རུ་ན་ཀ་ཚལ་དང་བཞི་ལས་རྒྱང་།
གི་བདག་པོ། ལྷ་རྩེའི་ལྷ་བཙུན་མཆེད་གསུམ
ཟེར་ཀྱང་གསུང་ལ་གཉིས་
བཀའ་བགྲོས་ཏེ། འོ་ཅག་ལ་བླའི་མཆོད་གནས་གཅིག་དགོས་པར་འདུག་
པས་སུ་དྲག་
ཟེར་ཏེ།
དེ་དུས་ན་
རྒྱན་གོང་ན་ལོ་སྟོན་རྡོ་རྗེ་དབང་ཕྱུག
བཞུགས་ཡོད་ཁོང་
གི་མཁན་བུ་རྒྱ་ཤཱཀྱ་གཞོན་ནུ་ཞེས་བྱ་བ་དང་། སེ་ཡེ་ཤེས་བརྩོན་འགྲུས་ཞེས་བྱ་བ་གཉིས་
བརྫངས་ཏེ་
སྤྱན་དྲངས་ནས། སེ་ཡིས་མཁན་པོ་མཛད་རྒྱ་ཡིས་སློབ་དཔོན་མཛད་ནས་ཡོད་པའི་དུས་སུ། སྟག་ལོ་གཞོན་ནུ་བརྩོན་འགྲུས་དང་འབྲོག་མི་ཤཱཀྱ་ཡེ་ཤེས་གཉིས་རབ་ཏུ་བྱུང་ནས། དེ་ཡང་བླ་ཆེན་འབྲོག་མི་འདི་ཡུལ་དྲིལ་ཆེན་ཆུ་སྡེའི་གདུང་
སྐྱེ་ཚོ་དང་བན་ཚོ་གཉིས་ལས་བན་ཚོ་ཡིན་
འབྲོག་མི། མཚན་ཡང་མཁན་སློབ་ཀྱི་མཚན་ལས་གྲས་ནས་བཏགས་སོ། །མཁན་སློབ་དེ་གཉིས་ལ་སྤྱིར་མཁན་བུ་མང་པོ་ཡོད་ཀྱང་།
མིང་ལོ་ཙཱ་བ་ཟེར་བ་ཡང་
སྟག་འབྲོག་གཉིས་ཁོ་ན་བཅད་པ་དང་སྡུག་སྲན་ཆེ་བར་དགོངས་ཤིང་། ཁྱད་པར་དུ་སློབ་དཔོན་གྱིས་
བསྟན་པ་ལ་དགོངས་ཏེ་
ཐུགས་གཉེར་ཆེར་མཛད་ནས་གསེར་ཕྱེ་མང་པོ་བརྫངས་ཏེ། རྒྱ་གར་དུ་སློབ་གཉེར་ལ་འགྲོ་དགོས་གསུང་ནས་ཞལ་བཀོད་གསུམ་མཛད་དེ། སངས་རྒྱས་ཀྱི་བསྟན་པའི་རྩ་བ་དང་འདྲ་བ་ཡིན་པས་དམ་པའི་ཆོས་འདུལ་བ་དང་། བསྟན་པའི་སྙིང་པོ་དང་འདྲ་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསྟན་པའི་ཉིང་ཁུ་དང་འདྲ་བ་ཡིན་པས་གསང་སྔགས་
དང་དེ་དག་མཁས་པའི་ཡན་ལག་དུ་སྒྲ་ཚད་ལ་སོགས་པ་མང་དུ་
སློབས་ལ་ཤོགས་གསུང་
ཆོས་