R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 4
[A:4]རྗེས་པའི་ཞལ་ནས་ཆོས་ཀྱི་བབས་གོ་བས་ཞལ་བསྐོས་སུ་འདུག་གསུང་
སྐད། དེ་ནས་བླ་ཆེན་གྱིས་བིག་པ་རྟ་བསླབས་པས་ཆོས་ཉན་དུ་འདོད་པ་ཙམ་མཁྱེན་
ཟེར་ཀྱང་འཕྲལ་སྐད་ཙམ་ཤེས་
བོད་ཆོས་ཀྱང་ཅི་རིགས་པ་མཁྱེན་སྐད།
ལམ་ཡང་མང་ཡུལ་ཚངས་པའི་སྒོ་བྱ་བ་ཕར་བྱོན་པ་བར་ཆད་ཆུང་ཞིང་ཚུར་འཐོན་པ་བསྟན་པ་ལ་ཕན་པ་བཀྲ་ཤིས་པར་བྱུང་བ་ཡིན་པས་དེ་ནས་སོང་གསུངས།
དེ་ནས་གཉིས་ཀྱིས་
མང་ཡུལ་ནས་
བལ་ཡུལ་དུ་བྱོན་ནས་ཆུ་སྦྱོང་བའི་ཕྱིར་བལ་ཡུལ་ན་བྷ་རོ་ཧཾ་ཐུང་ཞེས་ཀྱང་ཟེར་
ཙ་ཧ་ངུ་ཡང་ཟེར། བལ་པོ་སྤྱི་ཐེར་ཡང་ཟེར་
མཚན་དངོས་ནི་ཤནྟ་བྷ་ཏྲ། བོད་སྐད་དུ་ཞི་བ་བཟང་པོ་ཞེས་བྱ་བའི་བལ་པོའི་པཎྜི་ཏ་གཅིག་ལ་དབང་བསྐུར་བ་ཞུས་ནས། གསང་སྔགས་ལོ་གཅིག་ཏུ་གསན། སྒྲ་ཡང་ཅུང་ཟད་གསན། དེ་ནས་བདག་ཅག་རྒྱ་གར་དུ་འགྲོ་བས་རྒྱ་གར་ན་མཁས་པ་ཇི་ལྟ་བུ་བདོག་ཇི་ལྟར་བྱས་ན་ལེགས་ཞུས་པས། པཎྜི་ཏའི་ཞལ་ནས་ཁྱེད་
བསྟན་པ་རྣལ་མ་རྒྱ་གར་ན་ཡོད་པས་ཤིན་ཏུ་ལེགས་སོ་
རྒྱ་གར་དུ་འགྲོ་ན་ངའི་སློབ་དཔོན་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པ་མཁས་པ་ཤན་ཏི་བ་ཞེས་པ།
དེ་ཡང་རྒྱ་གར་ན་ཨོ་ཏན་ཏ་པུ་གྲིན་ལེནྜསོ་མ་སྤུ་གྲི་སོགས་ཡོད་ཀྱང་
མ་ག་ཏའི་གནས་བྷྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་
ཉན་བཤད་དར་
མཁས་པ་སྒོ་དྲུག་གི་ཡ་གཅིག་ཡིན་པས་དེའི་དྲུང་དུ་སོང་གསུངས་ནས་དེར་ཕྱིན། དེའི་དུས་ན་བྷི་ཀ་མ་ལ་ཤཱི་ལའི་མཁས་པ་སྒོ་དྲུག་ནི་ཤར་ཕྱོགས་ཀྱི་སྒོ་སྲུང་བ་རཏྣ་
རིན་ཆེན་
ཨ་ཀ་ར
འབྱུང་གནས་
ཤནྟི་བ་
ཞི་བ་ཞེས་
བཞུགས་པ་ལ་སྒྲ་དང་ཚད་མ་ལ་གཙོ་བོར་འདྲི། དེ་བཞིན་དུ་ལྷོ་ཕྱོགས་ན་ངག་གི་དབང་ཕྱུག་གྲགས་པ་ཞེས་པ་རྗེ་བཙུན་སྒྲོལ་མ་ལ་ཆོས་དངོས་སུ་གསན་པའི་སློབ་དཔོན་མཁས་པ་ཆེན་པོ་དེ་ལ་ཁྱད་པར་དུ་སྒྲ་ཚད་སྙན་ངག་དང་ལུང་ལ་