R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 31
[A:31]བ་རི་བ་བགྲེས་པས་གསན་ལོང་མི་ཡོང་བས་ཡར་བྱོན་པར་ཞུས་ཏེ། ཡར་བྱོན་ནས་
ཕལ་པོ་ཆེདཀོན་རྩེགསཏིང་ངེ་འཛིན་རྒྱལ་པོགཟུངས་གྲྭ་ལྔ་ལ་སོགས་པ་
བླ་མ་བ་རི་བའི་ཆོས་སྐོར་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ་
དེ་ནས་བ་རི་བའི་ཞལ་ནས་ད་ཁྱོད་རང་གདན་ས་གྱིས་ང་ཡང་མྱུར་དུ་འགྲོ་འདུག་བྱེད་གསུངས་ནས་རིང་པོ་མ་ལོན་པར་སྐུ་གཤེགས
། །དེ་ནས་ཁའུར་གནམ་ཁའུ་བ
དར་མ་རྒྱལ་མཚན་སྐུ་བན་ཅང་སྒོམ་
ལ་གསང་བ་འདུས་པ་ལ་སོགས་པ་དང་། དེ་ཉིད་བསྡུས་པ་ལ་སོགས་པ་ཡོ་ག་རྣམས་ཀྱང་གསན་ནོ་
བླ་མ་གནང་ཁོ་རང་དགེས་པ་དཀོན་མཆོག་ལའང་སྒོག་པ་ཕུལ་གྱིན་འོ་བྱ། འཕྲང་པ་མཇལ་དུ་འོང་བ་ན་སྦེད་ལོངས་སྤྱོད་ལ་འཛིན་པ་ཆུང་སྟེ། གཅིག་གིས་གསེར་ཕུལ་བ་གཅིག་ཡིག་ཆའི་ནང་ན་གང་དགར་བཞག་ནས་འདུག་པ་ལ། འདི་ཅི་ལགས་ཞུས་པས་གསེར་རམ་བྱ་བ་ལགས་སོ་གསུངས་ནས་ཁ་ཡང་མ་ཕྱེ་བར་འདུག་སྐད། གྲོངས་ཙ་ན་ཚེས་བཅོ་ལྔའི་ཟླ་བའི་འོད་ལྟ་བུ་ཐམས་ཅད་ཀྱིས་མཐོང་བ་བྱུང་། ཅི་འདུག་བལྟས་པས་བླ་མ་གནང་རིན་པོ་ཆེའི་ཁྲི་ཆེན་པོ་གཅིག་གི་སྟེང་ན་བཞུགས་ནས་ལྷའི་བུ་མང་པོ་ཁྲི་འདེགས་པའི་རིན་པོ་ཆེའི་འོད་དུ་འདུག་སྟེ་མཁའ་སྤྱོད་དུ་གཤེགས་གསུང་
དེ་ནས་བགྲེས་པོ་ཀུན་གྲོས་བྱས་ནས་དེ་དུས་ཀྱི་སློབ་མ་དད་པ་མང་པོ་མེད་པར་འདུག་སྟེ། གོ་ཆོད་པོ་ཚོ་གཅིག་ཡོད་པར་འདུག་གསུངས། ད་ཕ་ཆོས་གཅིག་རང་གཙང་བཅད་པ་དགའ་ཟེར་ནས་སུ་མཁས་དྲིས་པས། པུ་རངས་པ་གསལ་སྙིང་ནི་གཤེགས། དེའི་སློབ་མ་འཁོན་སྒྱི་ཆུ་བ་མཁས་ཀྱང་ཟེར་གདུང་ཡང་གཅིག་པས་ཟེར་ནས་སྒྱི་ཆུར་བྱོན།
།དེའི་དུས་སུ་གཡས་རུ་སྒྱི་ཆུ་རུ་དགེ་བཤེས་འཁོན་
གྱི་མཚན་དངོས་དཀོན་མཆོག་འབར་བླ་དགས་འཁོན་ཆུང་དགྲ་བླ་འབར
ལ་དགེས་རྡོར་འགྲེལ་པ་དང་བཅས་པ་གསན་ཅིང་ཡོད་ཙམ་ན་མདོ་སྟོད་དུ་ཆོས་འཁོར་གཅིག་ལ་བླ་མ་སེ་བྱོན་པས་བླ་ཆེན་ལ་སོགས་པ་སྒྱི་ཆུ་བའི་གྲྭ་པ་ཁ་གཅིག་གིས་ཞལ་ལྟར་ཕྱིན་པས། རྗེ་སེའི་ཞལ་ནས་ཁྱེད་ཚོ་ཇི་ལྟར་