R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 33
[A:33]བླ་མ་མངའ་རིས་པའི་ཆོས་ཀྱི་བྲལ་དྲུལ་འདྲ་བ་བསྒྲུགས་ནས་གཞན་ལ་བཤད་པ་ཡིན། གདམ་ངག་ཅི་ཡང་མེད་མ་འགྲོ་གསུངས་ནས་མ་གནང་ངོ་། །དེར་བླ་མས་མ་གནང་ནས་འགྲོ་བ་ཆ་མ་ཡིན་
སྙམ་
སྟེ། འོན་ཀྱང་སང་ཕོད་འགྲོ་སྙམ་ཙ་ན་སེ་གསུང་བ་བདེན་ཏེ་རྗེ་སེ་སྐུ་གཤེགས་སྐད། དེ་ནས་དུས་རིང་མོ་ཞིག་འགྱངས་ཏེ། དེ་ནས་ཡང་ཁའུར་བྱོན་ནས་དགེ་བཤེས་གནང་སྐུ་མཆེད་ལ་ཆོས་གསན། དུས་ཕྱིས་བླ་མ་སྒྱི་ཆུ་བས་སྐྱར་སྤྱན་དྲངས་ནས་ཆོས་འཁོར་མཛད་པར་བཞེད་པའི་ཡོ་བྱད་ཐམས་ཅད་སྟ་གོན་ཚར་ཡོད་ཙམ་ན། སྒྱི་ཆུ་བ་བསྙུང་སྟེ་གཤེགས་ཀར་བླ་མ་ཆེན་པོ་སྤྱན་དྲངས་ལོང་མ་བྱུང་ནས། ཞལ་ཆེམས་སུ་ཁྱོད་བཙུན་པ་གྱིས་ལ་འཁོན་ཚོའི་སྡེ་པ་འདིའི་དཔོན་གྱིས་ལ། ངའི་གདན་ས་འདི་སྐྱོངས་ཤིག་གསུངས་ནས་བཏད་དེ་སྐུ་གཤེགས། དེ་ནས་བླ་མས་ཀྱང་བླ་མ་སྒྱི་ཆུ་བའི་གསུང་ཉན་ནས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་མཛད་དེ། རབ་ཏུ་འབྱུང་བར་དགོངས་ནས་ན་བཟའི་སྟ་གོན་ཚུན་ཆད་ཚར་ནས་ཡོད་ཙམ་ན། དེའི་ལོ་རྒྱུས་བླ་མ་ཁའུ་པས་གསན་ནས་འཕྲིན་བསྐུར་ཏེ་
ཁྱོད་རབ་ཏུ་བྱུང་ན་དམ་ཚིག་ཉམས་སོ་གསུངས་ཏེ། ཁོང་ལ་མངོན་ཤེས་ཡོད་པས་མ་འོངས་པ་ན་ཕྲིན་ལས་རྒྱ་ཆེན་ལ་དགོངས། དེར་
བླ་མ་མཉམ་པོ་ལ། གཤིན་པོའི་ངོ་བས་གསོན་པོའི་ངོ་ལྟོས་ལ་རབ་ཏུ་མ་འབྱུང་ཞིག་གསུངས་ནས་མ་གནང་། དེར་རབ་ཏུ་མ་བྱུང་འོན་ཀྱང་འཁོན་ཚོའི་དཔོན་མཛད་དོ། །དགེ་བཤེས་སྒྱི་ཆུ་བ་དེ་བླ་མ་མལ་གྱི་སློབ་མ་ཡིན་ཏེ། སྒྱི་ཆུ་བའི་བདེ་མཆོག་གི་དཔེ་རྣམས་བསྣམས་ཏེ་གུང་ཐང་ན་ལ་ཙེ་གནས་གསར་དུ་བྱོན་ནས། བདེ་མཆོག་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་ཆ་ལག་དང་བཅས་