R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 34
[A:34]པ་ཐམས་ཅད་གསན་
པས་བླ་ཆེན་གྱིས་ཆོས་ཚར་རེས་མཁྱེན། ངས་མི་ཚེ་ཕྱི་བའི་ཆོས་ཚར་རེས་ཤེས་སུ་རེ་བ་གསུངས། འཇིགས་བྱེད་ཀྱི་རྟོག་པ་བདུན་པའི་ཡི་གེ་བཏུ་བ་གཅིག་འཁོར་ཚོས་མ་ཤེས་པ་ལ་བླ་ཆེན་གྱིས་མཁྱེན་པས། ཤེས་ན་དགའ་བས་མ་ཤེས་མ་ཤེས་ཀྱང་ཆོག་པས་ཤེས་ཟེར། བླ་ཆེན་མར་བྱོན་ཁར་ངའི་ཆོས་སངས་རྒྱ་བའི་ཆོས་ཡིན། ར་བར་སླུ་གུ་ལ་བལ་བཀྲིས་པ་མ་བྱེད་གསུངས། དེ་འདྲ་ག་ན་བགྱིད་བྱས། མར་བྱོན་ནས་གཡས་རུ་ནས་གསེར་སྲང་བཅུ་བདུན་རྙེད། སྔགས་པ་གཅིག་ལ་བསྐུར་ནས་འབུལ་དུ་བཏང་། སྟོན་མོ་བྱེད་པ་གཅིག་གི་སར་སླེབས། མཇལ་བྱས་པས་ཟས་བྱིན་གསུངས། ས་སྐྱ་པའི་འབུལ་བ་ཡོད་བྱས་པས། ཇི་ཙམ་ཡོད་ཡང་ཡང་དྲིས་པས། སྲང་བཅུ་བདུན་བདོག་བྱས་པས། བླ་མ་རང་བྱོན། འབུལ་བའི་སྟེང་དུའང་བླ་མས་གསེར་སྲང་གང་བསྣན་ནས་ཚོགས་སུ་ཕུལ་ཅིག་གསུངས། མཉེས་ནས་ཁོ་དམ་ཚིག་པར་འདུག་ཡར་ཤོག་གྱིས། ཆོས་ཀྱི་གཤམ་ཡོད་ཟེར། ཡར་བྱོན་པས་ཆོས་ཀྱི་གཤམ་ཡན་ལག་བརྒྱད། དཀོན་རྩེགས་ཀྱི་ལུང་། མགོན་པོའི་རྗེས་གནང་སྒྲུབ་ཐབས་གནང་། དེའི་རྟེན་དར་ནག་དང་ལྕགས་ཀྱི་རྡོ་རྗེ་གནང་། ནག་པོ་ཆེན་པོ་ང་ལ་འདིར་མི་དགོས། འཁོན་ས་སྐྱ་པའི་ཆོས་སྐྱོང་ལ་རྒྱུགས་གསུངས།
ནས་མར་བྱོན་ཏེ། སྔར་གྱི་གསུང་ངག་གསན་པར་བཞེད་ནས་རྗེ་སེའི་སློབ་མ་ལ་སུ་དྲག་ཅེས་དྲིས་པས། མི་རྣམས་ན་རེ་
ཞ་མ་བ་ལ་ནི་ཆོས་རྫོགས་པ་མེད་
ཞང་སྟོན་མཆེད་གཉིས་དྲག་སྟེ་གཅུང་པོ་ནི་མི་བཞུགས། གཅེན་པོ་ཆོས་འབར་བཞུགས་ཞེས་ཐོས་སོ། །དེར་བཞུད་པར་བཞེད་ནས་བླ་མ་ཁའུ་བ་ལ་འགྲོ་བར་ཞུས་པས། ཁའུ་བའི་ཞལ་ནས་སྒོམ་ཆེན་པ་འདྲ་བརྫུན་ཆེ་བ་ཡིན། གདམ་ངག་
དང་པོ་སློབ་མར་མི་ཆོད་སྐོག་ཆོད་ནས་དེ་ལས་ཡོད་རི་བ་སྐད་ཟེར་
ཅི་ཡང་ཡོད་དེ་མི་མཆིས། ཉིད་རང་དད་པ་ཡོད་ན་གསང་བ་འདུས་པའི་སྒྲུབ་ཐབས་
ཐ་ག་བས་མཛད་པའི་
བསྟན་པའི་ནོར་རྫས་བསྒོམས་གསུངས་ནས་མ་གནང་བ་ལ། དངོས་ལ་ཡིད་ཆེས་གཅིག་བདོག་པ་