R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 39
[A:39]ལས་གང་ན་སྒྲོལ་ཅེས་ཀུ་རེའང་གསུངས། དེའང་ཟམ་པ་གསུམ་ལས་མི་གསུམ་བསྒྲལ་བ་ནི་ལུས་མ་སྤངས་པར་གྲུབ་པ་ཐོབ་པ་གསུམ་སྟེ། གཅིག་སིང་ག་ལའི་གླིང་ཕྲན་ནས་མཁན་པོ་
དགྲ་བཅོམ་པ་གཅིག་གིས་
ཉན་ཐོས་སེན་ཐ་བ་གཅིག་ཁ་བསྟན་ནས།
བོད་ན་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ས་སྐྱ་པ་བྱ་བ་ཡོད་ཀྱིས་སོང་ཟེར་ནས་
ཨ་ཙ་ར་གཉིས་འོངས་པ་ལ་གཅིག་བལ་པོ་ནས་ལོག གཅིག་གིས་བླ་ཆེན་གུང་ཐང་ན་ལ་ཙེ་གནས་པོ་ཆེ་ན་བཞུགས་ཙམ་ན་སླེབས་ནས་དབང་བསྐུར་བ་ཞུས། དབང་ཡོན་དུ་ག་གུ་ཡ་ཞེས་པའི་ཟབ་ཆེན་གྱི་བླ་རེ་བཟང་པོ་གཅིག་ཕུལ། དེ་ནས་ཁྲིད་ལ་སོགས་པ་རིམ་གྱིས་བྱས་པས་
དེའི་ནང་ནས་ཀྱང་སྦས་བཤད་བསྟན་པས་ཟླ་བ་གཅིག་ནས་
ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེས་ནས་བདེན་པ་མཐོང་སྟེ་དཔལ་
ཨུ་རྒྱན་
གྱི་རི་ལ་སོང་སྐད། གཅིག་ནི་འཕྲང་འོག་གི་སྒོམ་པ་ཀྱི་འབར་ཞེས་པ་སྟེ། དེས་ཀྱང་དབང་དང་གདམ་ངག་ཞུས་ནས་བསྒོམས་པས་ཏིང་ངེ་འཛིན་དུ་མ་སྐྱེས། མངོན་ཤེས་བརྟན་པོ་དང་རྫུ་འཕྲུལ་ཅི་རིགས་པ་ཡོད་ཙམ་ན། བླ་ཆེན་སྐུ་གཤེགས་ནས་ཁྲིད་ཀྱི་འཕྲོ་དགེ་བཤེས་གཉན་ཕུལ་ཆུང་བ་ལ་བསྐྱངས་པས། ཕྱིས་ཁོ་བོ་ལྷོ་ཕྱོགས་དཔལ་གྱི་རི་ལ་འགྲོ་ཟེར་ནས་སོང་གསུངས། གཅིག་ནི་བྱང་ཆུབ་སེམས་དཔའ་སྟག་ཡིན་གསུང་སྟེ་
ཐོད་རྒལ་གྱི་ལམ་གྱིས་འགྲོ་བ་ཉམས་སྐྱོན་མེད་ཁོ་ན་སྐྱེ་བ་མཚོ་སྙིང་མ་ཧཱ་དྷེའུར་གཤེགས་
སྐུ་ནི་རེ་ཤིག་བོར། ཕྱིས་ལུས་དེ་ཉིད་ལ་ཞུགས་ནས་ལུས་མ་སྤངས་པར་གྲུབ་པ་ཐོབ་ཅེས་ཟེར་རོ། །ལ་ལ་ན་རེ་
དགེ་བཤེས་གཉག་གིས་བཟང་རྒྱུད་ཀྱི་འབྲོག་གསེབ་ཏུ་བྱོན་ཙ་ན་
བླ་མ་ཆེན་པོཚར་ཀར་བཞུགས་པའི་དུས་ཀྱི་སློབ་མ་ཡིན་ཟེར་བའི་བཟང་རྒྱུད་ཀྱི་འབྲོག་པའི་གསེབ་ན་རྣལ་