R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 40
[A:40]འབྱོར་པ་གཅིག་ལ་རྒྱུ་མཐུན་ལྷན་སྐྱེས་དང་། རྣམ་སྨིན་གྱི་འབྲས་བུའི་རྟགས་ཤར་བ་
ཚེ་གཞུག་ལ་བདེན་པ་མཐོང་དུ་རུང་བ་
གཅིག་འདུག་སྟེ། དེ་ཡིན་ཟེར་
འཚར་ཀགུང་ཐངས་སྐྱརུ་མཚམས་བཞིར་སྐུའི་བཀོད་པ་བཞི་མཛད་དེ་འཆི་མོ་ཐུག་མ་ཚོར་གསུང་
སྐད་
ཡང་གཅིག་བྷོ་ཏ་རུ་ཧུ་ལའི་སློབ་མས་རྣལ་འབྱོར་དབང་ཕྱུག་ལ་གསོལ་བ་བཏབ་པས་རླུང་གི་དམིགས་པ་གཅིག་དང་གསེར་འགྱུར་རྩི་གནང་ནས་བོད་ན་ཟངས་རྒ་རྡོག་འདྲ་བ་ཡོད་ཀྱིས་དེར་སོང་ལ་གསེར་འགྱུར་རྩིས་སེམས་ཅན་ལ་ཕན་ཐོག་གསུངས་ནས་འོངས་པས་བླ་ཆེན་དང་མཇལ་ནས་གདམ་ངག་ཞུས་པས་ཡོན་ཏན་ཁྱད་པར་ཅན་སྐྱེས་ནས་ཡང་རྒྱ་གར་དུ་གཤེགས་དེ་ཡིན་ནམ་ཟེར། འདི་དང་རྒྱུ་མཐུན་རྟགས་ཤར་བ་དང་ཕྱི་འབར་གསུམ་གདམ་ཀ་ཡིན
། ཡང་ཟམ་པ་གཉིས་པ་ལ་མི་བདུན་བསྒྲལ་བ་ནི་བཟོད་ཐོབ་བདུན་ཡིན་ཏེ། རྗེ་བཙུན་ཆེན་པོ་དང་བླ་མ་ཞུ་བྱས་ལ་སོགས་པ་
སྒོམ་པ་འོད་གྲགསསྒོམ་ཇོ་ལྕགསམང་ཆུང་མགནས་བརྟན་བསོད་ཤེབྱང་སེམས་ཟླ་རྒྱལརྒ་སྟོན་ཡིན་ཀྱང་ཟེར་
བདུན་བྱུང་ངོ་། །
ཟམ་པ་གཅིག་ལས་མང་པོ་བསྒྲལ་བ་དེ་
སྤྱིར་སློབ་མ་དཔག་ཏུ་མེད་པ་བྱུང་ངོ་། །བླ་ཆེན་ཀྱི་སྐུ་ཚེའི་སྟོད་ཡན་ཆད་སྙན་རྒྱུད་འབའ་ཞིག་ཡིན་སྟེ། ཡི་གེ་མེད་པའི་སྟོབས་ཀྱིས་ཐུགས་བསྙེལ་གྱིས་དོགས་ནས། ཞག་རེ་ལ་རྡོ་རྗེ་ཚིག་རྐང་ཚར་རེ
ཟེར་ཀྱང་བདུན་
ཟླ་བ་རེ་ལ་ལམ་རྒྱས་པ་
ཆ་ལག་དང་བཅས་པ་
ཚར་རེ་ཐུགས་བསམ་དུ་མཛད་གསུང་ངོ་། །བླ་མ་མལ་གཤེགས་སར་བྱོན། གཞི་ཚོ་བླ་ཆེན་ལ་གཏད་མར་བྱོན་ཙ་ན་བར་སྤུག་རོང་གི་གྲང་ཆུང་དུ་བསྙུང་ནད་དྲག་པོ་གཅིག་བྱུང་། དེར་ཆོས་ཚོ་བརྗེད་
ཁྱད་པར་དུ་གསུང་ངག་བརྗེད།
དེར་ཐུགས་མ་བདེ་ས་སྐྱ་རུ་བྱོན་སྐུ་
འཇམ་དབྱངས་ཞལ་གཟིགས་པར་
མཚམས་བཅད་ནས་གསོལ་བ་བཏབ་པས་ཆོས་ཐམས་ཅད་སྔར་བཞིན་ཐུགས་ལ་བྱུང་། བླ་མ་ཞང་བྱོན་ནས་ཆོས་མང་དུ་གསུངས། རྣལ་