R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 44
[A:44]གཙུག་ལག་ཁང་དུ་མེ་བྱི་བའི་ལོ་ཁྲ་ཟླ་ཡི་ཡར་ངོའི་ཚེས་བཅུ་གཉིས་ཀྱི་ནུབ་མོ། ངོ་མཚར་གྱི་ལྟས་སྒྱུ་མར་གྱུར་པའི་ཆོས་ཀྱིས་ངེས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་བསྟན་ནས་བདེ་བ་ཅན་དུ་སྐུ་གཤེགས་སོ། །འདིའི་རྣམ་པར་ཐར་པ་རྒྱས་པར་ཁོ་བོས་བཤད་པར་ག་ལ་ནུས། དེ་ཉིད་ཀྱི་གདུང་དང་ཉེ་བའི་ཆོས་སྲས་མཆོག་ཏུ་གྱུར་པའི་བདག་ཉིད་ཆེན་པོ་བཟང་པོའི་ཞབས་ཀྱིས་མཛད་པར་བལྟའོ། །དེ་ལྟ་བུའི་རྗེ་བཙུན་ཆེན་པོ་དེ་ལ། བླ་མ་ལོ་ཙཱ་བ་སྐུ་མཆེད་ཀྱིས་ཀྱང་ཉེ་འབྲེལ་ཀྱི་རྟོག་པ་སྤངས་ཏེ་རྡོ་རྗེ་འཆང་དང་མི་གཉིས་པའི་གུས་པ་ཆེན་པོས་མཉེས་པར་མཛད་ནས། རྒྱུད་དང་གསུང་ངག་ལ་སོགས་པ་མ་ལུས་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པར་མཛད་དོ། །དེ་ཡང་ཞིབ་ཏུ་བརྗོད་ན་འདི་ལྟར་ཐོས་ཏེ། བླ་མ་ལོ་ཙཱ་བའདིའི་རྣམ་པར་ཐར་པ་ནི་དང་པོ་
ཆོས་རྗེ་པའི་རྣམ་ཐར་ནི་རིན་པོ་ཆེ་པའི་ཞལ་ནས་སློབ་དཔོན་མ་ཏི་ཙི་ཏྲས། ཀུན་མཁྱེན་མ་ལགས་ཀུན་མཁྱེན་ཁྱོད། །ཀུན་མཁྱེན་ཁྱོད་ཀོ་ཇི་ལྟར་རྟོགས། །གསུངས་པ་བཞིན་ཁོང་གི་ཡོན་ཏན་བརྗོད་པ་ལ་ཁོང་དང་མཉམ་པ་གཅིག་གིས་བརྗོད་དགོས་ཀྱི་གཞན་གྱིས་བརྗོད་མི་ནུས་ཀྱང་། བྱིན་རླབས་འབྱུང་བས་ཅུང་ཟད་བརྗོད་ན་ཆོས་རྗེ་པ་འདི
་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡ་མཚན་གྱི་རྨི་ལྟས་
ཀླུའི་རྒྱལ་པོ་རིན་པོ་ཆེའི་མགོ་རྒྱན་ལ་སོགས་པས་རྒྱན་པར་མཛད་ནས་བྱོན་པ་ཡིན་གསུངས། ལྷུམས་ན་བཞུགས་ཙ་ན་ཡུམ་ལ་ཏིང་ངེ་འཛིན་བཟང་པོ་ལ་སོགས་རྨི་ལྟས་བཟང་པོ་བྱུང་
བསྟན་ཅིང་། བལྟམས་པ་
ན་བྱང་ཆུབ་སེམས་དཔའ་བལྟམས་པའི་ལྟས་ཚོ་བྱུང་
དང་སྐྱེད་ཅུང་ཟད་བསྲིངས་ཏེ་རིང་པོ་མ་ལོན་པ་ན་བག་ཆགས་སད་པའི་སྟོབས་ཀྱིས་ལེགས་པར་བཤད་པའི་སྐད་
དུ་གསུངས་པས་ཡུམ་ན་རེ། འདི་ལ་གུ་བ་གཅིག་རང་མཆིས་བ་ལགས་སམ་ཟེར་བས། རྗེ་པས་སཾསྐྲི་ཏའི་སྐད་མཁྱེན་པས་ཁྱོད་ཀྱི་བུ་ལ་གུ་བ་བྱུང་