[A:༡༣༦]མུན་པ་གཅོད་པ་
མཆོག་ཏུ་མི་འགྱུར་བ
འི་སྣང་བ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད་དུ་གྱུར་པ
། །དེ་ཉིད་དུས་གསུམ་གྱི་
རྒྱལ་བས་རང་གི་མཁྱེན་པའི་གཟུགས་སུ་གཟིགས་ནས་ཡང་དག་བསྔགས་པ་ལྷག་པའི་ལྷ། །འཇམ་དབྱངས་སྨྲ་བའི་དབང་པོ་ཁྱོད་དང་དོ་ཟླ་ཉིད་དུ་བདག་ནི་མཁས་པའི་ལེགས་བཤད་འཇོ་བར་མཛོད། །ཟག་པ་མེད་པའི་སྙིང་པོའི་ལང་ཚོ་ཀུན་གྱི་དཔལ་མོ་ཆོས་ཐམས་ཅད་སྒྲིབ་པ་མེད་པར་གཟིགས་བྱེད་
ཀྱི་མིག་ཡངས་མ། །ཤེས་རབ་མི་འགྱུར་བའི་
གསེར་གྱི་སྙིང་ཐག་གིས་
བདེ་བ་
ཆེན་རྒྱལ་པོ་ཟུང་འཇུག་ཏུ་
འདྲེན་པའི་རྩེ་དགའ་དགོད། །རྣ་བའི་བཅུད་ལེན་ཡན་ལག་དྲུག་ཅུ་ལས་འདས་ཤིང་
ཚད་མེད་པ་
སྙན་པའི་
འགྱུར་ཁུག་ཅན་
སྐྱེ་བ་སྟེ་འབྱུང་ཁུང་
རྒྱུད་མངས་ཀྱི་
གླུར་འབབ་པ། །གཞོམ་མེད་
རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་སྟེ་ངག་དབང་ལྷ་མོས་ངག་གི་འདོད་འཇོར་