[A:༡༤༢]བཀྲ་ཤིས་མཚན་མ་བརྒྱ་ཡི་གདུགས་དཀར་པོ། །འཇིག་རྟེན་གསུམ་གྱི་བླ་ན་འཁོར་བ་ཡི། །ལྟས་ཆེན་པོ་དང་ལྡན་པའི་ས་སྐྱ་རུ། །གྲགས་པས་སྲིད་པ་འཚོ་བ
ར་གྱུར་པ་དེ་ཉིད་འཁོན་དཀོན་མཆོག་རྒྱལ་པོ།
ཡོངས་སུ་བཟུང་ནས
། །གནས་གཞི་འདེབས་པའི་ས་ཆོག་གི་དུས།
རྡོ་རྗེ་ཧཱུྃ་མཛད་ཆེན་པོ་འབར་བའི་སྐུར། །བཞེངས་པའི་ང་རྒྱལ་སྒྲ་ཡིས་བགེགས་ཐམས་ཅད། །ནམ་མཁའི་ཕ་རོལ་ལ་ཡང་མི་གནས་པར། །དྲག་པོར་སྐྲོད་པའི་རྡོ་རྗེ་འཛིན་པའི་
དབང་ཕྱུག་དེ་ཉིད་ཀྱི
། །ཐུགས་ཀའི་འོད་ཟེར་དཔག་ཏུ་མེད་པ་ལས། །སྤྲོས་པའི་ཁྲོ་བོ་རྣམས་ནི་ཕྱོགས་ཀུན་ཏུ། །གར་དགུའི་ཉམས་ཀྱིས་རྒྱུག་ཅིང་རྡོ་རྗེ་འཛིན་པ་
དེར་བསྟོད་པའི། །ལྷ་མོ་རྣམས་ནི་བཀྲ་ཤིས་གླུ་དག་ལེན། །དེ་ཚེ་གདེངས་ཅན་འདྲེན་པ་སྟེ་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་
འཁོར་བཅས་ཀྱང༌། །དྲག་སྔགས་ཀྱི་ནུས་པས་
རིང་དུ་འཕྱན་པའི་སྡུག་བསྔལ་རང་སེམས་ལ། །ཚོར་བའི་མོད་ལ་སྲོག་གི་འདུ་བྱེད་དབུགས་
ནི། །མགྲིན་པའི་བར་དུ་རྒྱུ་བཞིན་དུ་
མངོན་པར་
ཕྱོགས་ཏེ། །ལྷ་གཅིག་ཞེས་བླ་མ་དེ་ལ་བོས་ནས་
ཁྱོད་ཀྱི་བསྟི་གནས་ཀྱི་དགོན་པ་
ས་འདི་ལ། །གནས་པའི་ལོ་གྲངས་ལྔ་བརྒྱའི
་མཐའ་ཅན་དེ་སྲིད་དུ་
ཀླུ་དབང་ངའི། །ནོར་བུའི་བང་མཛོད་འབུམ་ཕྲག་མང་པོ་
འཁྱིལ་པ་
འདི་ཡང༌། །ཕྱོགས་
གཞན་དུ་འཕོ་བྱེད་ཀྱི་
ཆོ་ག་རྫོགས་པ་མིན། །དེས་ན་ཁྱོད་ཀྱི་བཞེད་པ་གང་ཡིན་པ་དེ་དག་
བཀའ་བཞིན་དུ། །སྒྲུབ་པའི་གཡར་དམ་བདག་གི་
སྙིང་ལ་འདུད་པ་འཆའ། །རང་ཉིད་སྐྱེས་པའི་གནས་ལ་ཆགས་སེམས་བློའི། །འཆིང་བ་དམ་པོས་བསྡམས་འདི་ལྷོད་མེད་སྩོལ། །ཞེས་གསོལ་བས་བླ་མའི་ཞལ་ནས་
དེ་དེ་བཞིན་ནོ་
ཞེས་བརྩེ་བའི་གསུང༌། །ག་པུར་ཕྱེ་མ་འཐུལ་བའི་ཆུ་རྒྱུན་གྱིས། །ཡིད་ལ་དགོས་པའི་ཚ་གཟུགས་ཅན་གྱི་རྒྱན
་པས་ཉེན་པ་བཏང༌། །དགའ་སྟོན་གསར་པ་སྤྲོ་ལ་སོང་སྟེ་སླར། །ཆུ་སྲིན་འབྱུང་གནས་རྒྱ་མཚོའི་
གཏིང་དུ་འགྲམ་ཟབ་མོ། །བཙུགས་པའི་ཀླུའི་
ཕོ་བྲང་རིན་ཆེན་བདུན་གྱི་
རང་བཞིན། །མཐོ་མཛེས་བ་གམ་རྩེ་ནས་ཀླུ་རྒྱལ་དེས། །ནོར་བུའི་དཔྱ་ཟེར་སྟོང་གིས་བསུ་བའི་སྟེངས། །བགྲང་གཞིའི་སྟག་ལོའི་
འཁོར་ལོ་བཅུ་གཉིས་བསྒྱུར་བའི་མཆོག །ཆུ་ཁམས་གླང་ལོའི་རྐང་པ་དྲུག་པ་ཡིས། །འཛམ་གླིང་པདྨ་གཟུགས་ཅན་གྱི་རྒྱན།
དཀར་པོའི་ངོས་ཡངས་ལ།