[A:༣བ]འཇིགས་བྱེད་དབྱིངས་ནས། སྒོ་མ་བཞི་ལ་བྱམས་སོགས།
མལ་ལོ་ཙ་བ་
ཚད་མེད་འཁོར་རྣམས་ཀྱི་བསྟོད་པ། བསྡུས་པ་ལ་མགོན་པོ་མཧཱ་ཀ་ལ།ཡི་གེ་རྙིང་པ་
གུར་གྱི་མགོན་པོའི་བསྐུལ་ལ་དུས་གསུམ་རྒྱལ་བ་འཕགས་པ་
དང༌། འདས་དང་མ་བྱོན་གཉིས།ཡི་གེ་རྙིང་པ་ཡིན་
གཉན་མགོན་གྱི་སྐུལ་དང་ནག་པོ་ཆེན་པོ་མཆེ་བ་ཅན་མལ་ལོཙྪ་བ
རྣམས་ཡིན།
འདི་ཙམ་ཤེས་ཀྱང་རྡོ་རྗེ་ཐེག་པ་ཡི།
།རྒྱ་མཚོར་འཇུག་པའི་འཇུག་ངོགས་མཐོང་བ་ཡིན།
།སྙོམས་ལས་མ་འདུག་མཁས་ལ་དྲི་ཞིག་དང༌།
།གནས་སྐབ་མཐར་ཐུག་ཕན་པའི་ཐབས་ཤིག་ཡོད།
།Thread-crossགུར་གྱི་མགོན་པོའི་མདོས་ཆོག་རབ་འཇིགས་རྡོ་རྗེའི་མེ་ཆར་ཞེས་པ་འདི་དམ་པ་ཀུན་དགའ་གྲགས་ཀྱི་ཡི་གེ་ལ་གཞི་མཛད་ནས། རྗེ་བཙུན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ཉིད་ཀྱིས་བསྒྲིགས་པ་ཡིན། གཉན་མགོན་གྱི་མདོས་ཆོག་འདི་བླ་མ་སྣང་ཁའུ་པར་མགོན་པོ་རང་གི་ལུང་བསྟན་བྱུང་བ་ཡིན། པུ་ཏྲའི་མདོས་ཆོག་དམ་པ་ཏྲེ་བོའི་ལུགས་ཡིན།
Liturgyཕུན་ཚོགས་བསླབ་གསུམ་མཁན་ཆེན་ནམ་མཁའ་ཆོས་བཟང༌། རྒྱལ་བ་ཀུན་འདུས་བདག་ཆེན་བསོད་ནམས་རྒྱལ་མཚན། དཔལ་གང་དྲིན་མ་པཎ་ཆེན་འབུམ་ཕྲག་གསུམ་པ། ཤེས་བྱ་ཀུན་རིག་བྱམས་པ་གླིང་པ། དཔལ་ལྡན་ལས་ཚོགས་ལོ་ཆེན་ཤེས་རབ་རིན་ཆེན་རྣམས་ཀྱི་མཛད་པ།
སོ་སོའི་དྲི་བ་ལན་འདོན་ལ་མི་རྨོངས་པ་རང་གཅིག་བདག་གོ། །།
Author's colophon with transmission line of ordination vows
src: a deleted passage reads here: ཞེས་པ་འདི་ནི་དོན་གྱི་སླད་དུ་མཚན་ནས་སྨོས་པ་བསྙེན་རྫོགས་སྡོམ་པའི་རྒྱུད་པ་ནི། བཅོམ་ལྡན་ཐུབ་ཉིད་དང་ཤཱ་རིའི་བུ། སྒྲ་ཅན་འཛིན་དང་། རབ་ཏུ་བཟང་དང་། ཀླུ་སྒྲུབ་སྙིང་པོ་གུ་ཎ་པ་ཏི་དང་། རདྣ་མི་ཏྲ་དརྨ་ཕ་ལ་དང་། གུ་ཎ་པ་་ཏི་ ཆོས་ཀྱི་འཕྲེང་བ་དང། འབྱུང་གནས་སྦས་པ་པཎ་ཆེན་ཞེས་པ་འདི་ནི་དོན་གྱི་སླད་དུ་མཚན་ནས་སྨོས་པ་
ཤཀྱ་ཤྲི་དང་། འཕགས་ཡུལ་བརྒྱུད་པའི་བླ་མ་རྣམས་ལ་འདུད། ཚོགས་སྡེ་བཞིའི་ལས་བྱེས་དུས་མཁན་པོ། ལྷོ་བྲག་པ་དང་། མཁན་ཆེན་བདེ་བ་དཔལ། བཀའ་བཞི་པ་དང་བྱང་སེམས་རིན་ཆེན། བསོད་ནམས་བཟང་པོ་གཞོན་ནུ་མགོན་པོ་དང་། བསྟན་པའི་མངའ་བདག་གྲགས་པའི་མཚན་ཅན་དང་། མཉམ་མེད་ཆེན་པོ་རྒྱལ་བ་བཟང་པོ་དང་། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཚན་དང་། མཁན་ཆེན་བྱམས་པ་རིན་ཆེན་རྡོ་རྗེ་སོགས། མཁན་བརྒྱུད་དྲི་མ་མེད་པ་རྣམས་ལ་འདུད། བྱམས་པ་དཀོན་མཆོག་དཔལ་དང་། ཀུན་མཁྱེན་ལྕགས་ཐང་པ། མཁས་མཆོག་གྲགས་པ་བཟང་པོས་མཁན་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱི་ལས་སློབ། བདག་གིས་ནི་མཚན་ནས་སྨོས་ནས་མཁས་གྲུབ་བྱམས་པ་བཟང་པོས་མཁན་སློབ་གཉིས་ཁ་གནང་ནས་གླང་ལོ་དབྱར་ཆོས་ཀྱི་ཚེས་བཅུ་གཉིས་ཀྱི་ཉི་མ་གུང་ཡོལ་བྲིས་ལ་རྐང་པ་གཉིས་ཀྱི་ཆེད་དུ་སྡོམ་པ་ཐོས་བཀྲིས། གཅིག་ཞུས།