R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 8a
[A:8a]ཡས་ཡོད། སྐུ་དེའི་བྱང་ཤར་མཚམས་ལ་དགྱེས་པ་རྡོ་རྗེའི་བློས་བླངས་ཀྱི་དཀྱིལ་འཁོར་དང། སྐུ་དེའི་ནུབ་ཕྱོགས་སུ་ཤིང་ལས་བྱས་པ་རིན་ཆེན་ཟུར་བརྒྱད་ཀྱི་མཆོད་གཤོམས་བཟོ་བཀོད་ཧ་ཅང་ལེགས་པ་དཔེ་ཚད་དུ་འོས་པའི་མཆོད་གཤོམས་ཁག་གསུམ་ནང་གསེར་ཟངས་ལུག་མ་ཁྲ་རྒྱན་ཤིན་ཏུ་ལེགས་པའི་སྐུ། བདེ་མཆོག །དུས་འཁོར། དགྱེས་པ་རྡོ་རྗེ་བཅས་ཡོད། ཤར་ངོས་ལ་རྡོ་རྗེ་གདན་པ་སྐུ་རིམ་བྱིན་གྱི་འདྲ་སྐུ་དང། དངུལ་གདུང་རིན་པོ་ཆེ་རིམ་པར་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲ་རྒྱན་གྱིས་བརྒྱན་པ་བཅས་ཡོད། དེའི་ལྷོ་ཕྱོགས་ལ་ལམ་འབྲས་ལྷ་ཁང་ཞུ་བ་རྟེན་གྱི་གཙོ་བོར་གསེར་ཟངས་ཀྱི་འཕགས་པ་འཇམ་དཔལ་དབྱངས་གཞན་འགྲན་མ་མཆིས་པ་མཇལ་བ་ཙམ་གྱིས་ཤེས་བྱའི་དོན་ཀུན་ལྷམ་མེར་གསལ་བ་ཞིག་ཡོད། དེའི་འཁོར་ལམ་འབྲས་བླ་བརྒྱུད་ཆ་ཚང་དང། ལོགས་ཤིག་ཏུ་གསེར་ཟངས་ཀྱི་བྱམས་པའི་འདྲ་སྐུ་ལ་རྡོ་རྗེ་གདན་པའི་ཡུམ་དཔལ་ལྡན་བདེ་མོའི་གཙུག་གཡུ་སོགས་གཡུ་