R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 7b
[A:7b]སྐོར་སོགས་བཞུགས་ཡོད། དེའི་བྱང་དུ་གསང་བའི་མགོན་ཁང་ནང་བསྐང་བའི་གྲལ་མགོར་རྡོ་རྗེ་གདན་པ་ཆེན་པོའི་འདྲ་སྐུ་གསེར་ཟངས་མི་ཚད་མ་གཅིག །མགོན་ཁང་སྦུག་ཏུ་གཙོ་བོ་དཔལ་མགོན་ཞལ་དང་གུར་ལྷ་བཅུ་གཉིས། མགོན་ཁང་ཕྱི་མར་མགོན་པོ་ལྕགས་སྒྲོགས་མ་བཞེས་?དམ་ཅན་པ། གསེར་ཟངས་ཀྱི་སྒྲོལ་མ་སོགས་གསེར་སྐུ་འགའ་ཤས། ཡི་དམ་དགྱེས་པ་རྡོ་རྗེའི་ལུགས་ཕུད་དུ་བླུགས་པའི་གུ་རུའི་སྐུ་ངོོ་མཚར་ཅན་བཅས་བཞུགས་སོ། །བར་ཐོག་བྱང་ངོས་ལ་དགྱེས་རྡོར་ལྷ་ཁང་བཞེས?་པ་ལྷ་ཁང་དེའི་ལྡེབས་བྲིས་ཡི་དམ་ལྷ་ཚོགས་བཞུགས་པ་དང། དེའི་གཙོ་བོ་གསེར་ཟངས་ལུགས་མའི་ཡི་དམ་དགྱེས་པ་རྡོ་རྗེའི་སྐུ་མི་ཚད་མ་དང། ལྷ་བརྒྱད་བཅས་ཚང་ལ་རིནཔོ་ཆེ་སྣ་ཚོགས་ཀྱི་ཁྲ་རྒྱན་གྱིས་བརྒྱན་པ། ལྟ་བས་ཆོག་མི་ཤེས་པ། རྣམ་དཀར་གྱི་བག་ཆགས་མེད་པའི་སྐྱེ་བོ་རྣམས་ཀྱང་ཡི་དམ་གྱི་སྐུ་འདིའི་ཞལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར་ཏེ་དད་པའི་བ་སྤུ་ཀློང་རབ་ཏུ་འགུལ་བ་ཞིག་མཇལ་