[A:12b]རིགས་བྱེད་སྣ་འཛོམས་ཤིག་འཕུལ་སྲོལ་དང། ཞལ་འདོན་ལ་ཚོགས་ཆེན་ཆེན་མོ་ནས་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་སོགས་ཞལ་འདོན་བསྐུལ་གནང་མཛད། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ་ཞེས་པ་འདིའི་མཚམས་སུ་གོས་སྐུའི་ཞལ་ཁེབས་ཕྱེ་སྟེ་དུང་རྒྱ་གླིང་དང་རོལ་ཆའི་སྒྲ་སྣ་ཚོགས་བཀྲོལ་ནས་སྤྱན་དྲངས། ཁྲུས་གསོལ་མཎྜལ་མཛད་བཅུ་རབ་གནས་དང་མཎྜལ་སོགས་ཞལ་འདོན་རྒྱས་པར་མཛད། ཕྱི་དྲོ་ཀྱཻ་རྡོར་གྱི་སྒོ་ནས་ཞི་རྒྱས་དབང་དྲག་གི་སྦྱིན་བསྲེགས་གནང་སྐབས་ཀྱཻ་རྡོར་ལྷ་མོ་བརྒྱད་ཀྱི་མེ་གར། དགོང་དྲོ་བསྲུང་མའི་བསྐང་བཤགས་ཚོགས་འཁོར་བཅས་ཡོད། ཡང་འཇུག་ཏུ་རབ་གནས་རྒྱས་པ་ཉིན་གསུམ། བོད་ཟླ་ ༢ ཚེས་ ༡༠ ཉིན་ཚེས་བཅུའི་ཆོ་ག་དང་སྣ་བདུན་མཆོད་པ་དང་ཚོགས་འཁོར་ཡོད། ཚེས་ ༡༤ ཉིན་ ༡༤ མཆོད་པར་རྒྱ་མཆོད་བཅས་ཉིན་གཅིག །ཚེས་ ༡༦ ཙམ་ནས་ལྷ་ལྡན་ཚོགས་མཆོད་ཆེན་མོར་ཐོན་དགོས། ཚོགས་མཆོད་ཆེན་མོའི་སེར་ཕྲེང་ལ་དགེ་འདུན་ཞལ་གྲངས་བརྒྱ་དང་