[A:13b]དང། དམིགས་བསལ་ཚོགས་ཆེན་འདུ་ཁང་སོགས་ལ་སྟོང་མཆོད་དང་མཆོད་གར་རྒྱས་པར་མཛད། ཚེས་ ༣༠ ཉིན་ཁ་སྐོང་སྦྱིན་བསྲེགས་དང་མེ་གར། དེ་ནས་དཀྱིལ་འཁོར་གཤེགས་གསོལ་བཅས་མཛད་དོ། །བོད་ཟླ་ ༤ ཚེས་ ༨ ཉིན་བརྒྱ་མཆོད་དང། བླ་མ་མཆོད་པ། བསྲུང་མ་སྤྱིའི་བསྐང་བཤགས་གོང་བཞིན་བླ་ལྟའི་?སྐུ་མཆོད་བཅས་གནང་ངོ། །ས་ཟླའི་ཚེས་བཅུ་ཉིན་གྲྭ་ཚང་བཞིར་ཚེས་བཅུའི་ཆོ་ག་ཉིན་གཅིག
།ཚེས་བཅུ་གཅིག་ནས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ལ་ས་རྟག་ག་?ལོག་ཡིན་པས། ཉིན་དང་པོ་སྟ་གོན། ཉིན་གཉིས་པ་ས་ཟླ་ལ་ས་གར་གྱི་འཆམ་རྡུལ་མཚོན་གྱི་དཀྱིལ་འཁོར་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར། སངས་རྒྱས་མཉམ་སྦྱོར། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་གདན་བཞི་བཅས་དངོས་གཞི་ཉིན་བརྒྱད། དེའི་རིང་སྤྱི་མཆོད་ལ་རྒྱ་མཆོད་བཞི་དང་སྟོང་མཆོད་གཅིག །ཆོས་གྲྭ་སོ་སོར་འདོན་བྱ་དང་མཚུངས་པའི་ཆོས་རྫས་རྒྱས་གཤོམ་མཛད་དོ། །ཚེས་ ༢༡ ནས་སྒྲོལ་ཆོག་དང་འབྲེལ་