[A:15a]རྒྱས་གནད་སྨིན་རེ་མཛད་དོ། །ཚེས་ ༣༠ ཉིན་བཀའ་འགྱུར་ལྗགས་ཀློག །ཟླ་ ༧ ཚེས་ ༡ ཉིན་དབྱར་མཆོད་ཆེན་མོའི་ལྷག་མཆོད་ཉིན་གཅིག །འདི་རིན་ཆེན་སྒང་གྲྭ་ཚང་ལ་འཇམ་མགོན་ས་པཎ་གྱི་དབུ་ཐོད་དང་འདྲ་སྐུ་རིན་པོ་ཆེའི་སྐུ་མདུན་ལ་མཚན་?མཛོད་གཉིས་ཀྱི་དམ་བཅའ་བཅས་མཛད་དགོས། ཟླ་ ༧ པ་ནས་ཚེས་གྲངས་ངེས་མེད་ཀྱི་གྲྭ་ཚང་སོ་སོར་རབ་གནས་དང་བསྟན་པ་གསོ་སྦྱོར་ཚེས་བཅུ་ཉིན་འགའ་ཤས་ཚོགས་ཀྱི་ཡོད། ཟླ་ ༧ ཚེས་ ༢༠ ནས་ ༨ ཚེས་ ༡ བར་རྣལ་འབྱོར་ཡོ་གའི་སྒྲུབ་མཆོད་དེའི་ནང་རྡུལ་ཚོན་གྱི་དཀྱིལ་འཁོར་གཙོ་བོ་དཔལ་མཆོག་རྡོ་རྗེ་སེམས་དཔའ། རྡོ་དབྱིངས། རྩེ་མོ། ཁམས་གསུམ་རྣམ་རྒྱལ། ཀུན་རིག །འཆི་བདག་འབྱུང་པོ། གཙུག་ཏོར་དགུ་པ། དཔལ་མཆོག་རིག་བསྡུས། ཆོས་དབྱིངས་གསུང་ངག
།མི་འཁྲུག་པ། རྣམ་སྣང་མངོན་བྱང། ཚེ་དཔག་ལྷ་དགུ། དོན་ཞགས་ལྷ་ལྔ་བཅས་དཀྱིལ་འཁོར་བཅུ་གསུམ་གྱི་ཆོ་ག་ལ། ས་སྟ་ཉིན་དང་པོར་ས་འདུལ་གྱི་འཆམ་ལ་ཡོ་གར་བཞེས་པ་ཁྲོ་བོ་ ༢༦ པའི་འཆམ་ཉིན་རེ་