[A:78]རབ་ཟབ་དོན་ནོར་བུའི་དགའ་སྟོན་གྱིས། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་མཛད་པའི། །འདྲེན་མཆོག་བླ་མ་དམ་པ་དེ་ལ་འདུད། །གདོད་ནས་རྣམ་དག་རང་སེམས་ཆོས་ཀྱི་སྐུ། །གློ་བུར་དྲི་བཅས་སྨིན་གྲོལ་མྱུར་བདེ་ཡིས། །གནས་གྱུར་སྐུ་བཞིའི་འབྲས་བུ་སྩོལ་མཛད་པའི། །བཀྲིན་མཉམ་མེད་བླ་མ་དེ་ལ་འདུད། །དེ་ལྟར་ཅུང་ཟད་བསྟོད་པའི་རྣམ་དཀར་གྱིས། །སྐྱེ་དང་སྐྱེ་བར་མགོན་གྱིས་རྗེས་གཟུང་སྟེ། །མ་ལུས་འགྲོ་བའི་དཔལ་དུ་གྱུར་ནས་ཀྱང༌། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག