[A:༦/༧?][...]ColophonPrinting colophon
༎སྭསྟི་བིཛཡ། །
།སྐུ་བཞིའི་བདག་ཉིད་རྡོ་རྗེ་འཛིན་པའི་གཙོ།
།མཐའ་དག་འགྲོ་བའི་གཙུག་ན་རྒྱལ་གྱུར་ཅིག།
།རྣམ་དག་མཁྱེན་ཅན་རབ་ཡངས་ཆོས་རྒྱལ་གྱིས།
།རྒྱ་ཆེན་དགེ་བའི་བྱ་བར་བསྐུལ་བའི་གསུང།
།དགེ་བའི་བཤེས་སུ་ལྷག་པར་ཉེར་ཐོབ་ནས།
།སྐྱེ་བོའི་འདུན་ས་སྒམ་བུའི་གྲོང་ཁྱེར་དུ།
།ལྷག་བསམ་རབ་དཀར་རྣམ་གྲོལ་བཟང་པོ་ཡིས།
།གུར་གྱི་ས་སྤྱད་རྗེ་བཙུན་གྲགས་པའི་གསུང།
།རབ་མང་པར་དུ་བསྒྲུབ་པའི་བདག་རྐྱེན་སྦྱར།
།དགེ་བས་འགྲོ་ཀུན་རྒྱལ་བའི་དབང་པོར་གྱུར། །
།ཕྱོགས་སུ་མ་ལྟུང་རིགས་ལམ་རྣོ་བའི་རྩེཙེ་།
།རྣམ་མང་ལུང་གི་སྨྱུག་རྩེ་ལེགས་བསྒྱུས་པ།
།དཔལ་ལྡན་གྲྭ་ལྔའི་མཁྱེན་ཡངས་མཆོག་ཅན་ལས།
།འཕགས་རྣམས་ལོག་སྨྲའི་སྙིང་ལ་འབིགས་གྱུར་ཅིག།
།བླ་མའི་མན་ངག་བརླན་དང་བསྟན་བྲལ་ཞིང།
།རང་བཟོ་མེ་ལྕེས་རེག་པའི་ས་བོན་ལས།
།རྣམ་གྲོལ་མྱུ་གུ་འདོད་པའི་ཁྲུལ་བློ་མཁན།
།དེ་ཡང་འདིའི་དགེ་བས་གྲོལ་གྱུར་ཅིག།
།བསྐོས་བྱེད་པར་མཁསའཁས་ནམ་མཁའ་ཆོས་ཀྱི་དབྱིངས།
།དགེ་འདིའི་དག་བྱེད་མཁས་པ་དཔལ་འཛིན་བཟང་།
།དགེའོ༎