R358: ཀྱེ་རྡོར་ཡན་ལག་དྲུག་པའི་མངོན་རྟོགས་རྒྱུ་མཚན་དང་བཅས་པ། བསྙེན་བསྒྲུབ་བཞི་དང་། ཡན་ལག་དྲུག་པའི་མངོན་པར་རྟོགས་པ་མི་འདྲ་བའི་ཁྱད་པར། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༤ན
[A:༤ན][...]Printing colophon, f. 4a4 ནཱ་མོ་བཛྲ་དྷ་རཱ་ཡ། ཁྱབ་བདག་ཧེ་རུ་ཀ་དཔལ་སྒྲུབ་པའི་ཐབས༎ ཟབ་དོན་ཡན་ལག་དྲུག་གིས་རབ་བཅིངས་པ༎ ལམ་བཟངས་གསལ་མཛད་འཕགས་པ་མཆོག་གི་གསུང༎ མི་ཉམས་བསྐལ་པའི་བར་དུ་གནས་པའི་སླད༎ རབ་གསལ་པར་དུ་བསྒྲུབས་ཤེས་བཀའ་སྩལ་ཚེ༎ འཆིང་རུ་དགེ་འཕེལ་དགོན་གསར་ཞེས་བྱའི་གཞིར༎ ནམ་མཁའ་ཆོས་བཟང་དཔོན་སློབ་དད་པས་བསྒྲུབས༎ དགེ་བས་རྡོ་རྗེ་ཐེག་པ་རྒྱས་གྱུར་ཅིག༎ ཁྱད་པར་ཆོས་རྒྱལ་གྲྭ་ལྔ་རྒྱལ་པོ་ཡི༎ ཕུན་ཚོགས་དགེ་བའི་འཕྲིན་ལས་རབ་རྒྱས་ཏེ༎ བསྟན་ལ་བཟོ་ལུམས་སྤྱོད་པ་ཚར་བཅད་ནས༎ རྒྱུ་དང་མི་རྒྱུ་བདེ་ཆེན་སྤྱོད་གྱུར་ཅིག༎ མངྒལམ་བྷཝནྟུ་༎