R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣ན
[A:༢༣ན]རྗེས་མཛད་པ། ནག་པོ་ཆེན་པོའི་སྒྲུབ་ཐབས། ཡང་ནག་པོ་ཆེན་པོའི་སྒྲུབ་ཐབས་ཏེ་ལྷ་འདི་རྣམས་ཀྱི་སྒྲུབ་ཐབས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཨ་བྷ་ཡ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། པཱུ་ཛ་ཏི། རཏྣ་རཀྵི་ཏ། གོ་ཏྃ་ཤྲཱི་ཀིརྟི་པཎྜི་ཏ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་ནམས་རྒྱལ། ཀ་བཅུ་པ་གཞོན་ནུ་སེང་གེ བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་རཏྣ་ཝརྡྷ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །ཡང་ན་ངོར་ཆེན། མུས་ཆེན། འདྲེན་མཆོག་མན་འདྲ། ཡང་ན་ངོར་ཆེན། འཇམ་དབྱངས་ཤེར་རྒྱམ་པ། འདྲེན་མཆོག་དཀོན་མཆོག་འཕེལ། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་དཀོན་མཆོག་ལྷུན་གྲུབ། རྒྱལ་ཚབ་དཀོན་མཆོག་དཔལ་ལྡན། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཆོས་རྗེ་ཤར་པ། བྷ་དནྟ་ཀུ་ས་ལི། དེས་བདག་ལའོ། །རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་རྗེས་གནང་དང་བཅས་པའི་ཡི་གེ་འདོད་དགུའི་ལྗོན་ཤིང་རིན་པོ་ཆེའི་སྙེ་མའི་ལུང་ཡང་ཐོས་སོ། ༈ །ཡང་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་སྐོར་ལོགས་ན་བཞུགས་པ་སེར་པོད་དུ་གྲགས་པ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་