[A:༢༤ན]མི་འགྱུར་བའི་གདམས་པ་དང་བཅས་པ་དམ་པས་མཛད་པ། མནན་པའི་ཐུན་སྒྲུབ། མནན་པ་དངོས། ཟོར་གྱི་གདམས་པ། འཇམ་ཞིང་ཞི་བའི་སྒྲུབ་པ། ཕོ་རྐྱང་དུ་སྒྲུབ་པ་དང་། མེ་ཡི་གདུང་བ་དང་། ཕོ་རྐྱང་གི་བསྙེན་སྒྲུབ་སྦྲགས་པ། ལྷ་མོ་ནག་མོའི་གཟུངས། བསྟོད་པ་རྐང་པ་བརྒྱད་པ་མཆོག་སྲེད་ཀྱིས་མཛད་པ། སྒྲུབ་ཐབས་ལོ་ཀ་ཤྲཱིས་བསྒྱུར་བ། ཕོ་རྐྱང་མོ་རྐྱང་གི་སྒྲུབ་པ་གསལ་བར་བྱེད་པ་པུ་ཎྱ་བཛྲས་མཛད་པ། ཟངས་གྲི་ཅན་གྱི་སྒྲུབ་ཡིག པུ་ཏྲ་མིང་སྲིང་གི་གཞུང་གཏེར་མེ་མོན་པ་མིང་སྲིང་གི་སྒྲུབ་ཐབས། པུ་ཏྲ་མིང་སྲིང་གི་ལོ་རྒྱུས་སྒྲུབ་ཐབས་དང་བཅས་པ། པུ་ཏྲ་མིང་སྲིང་གི་བསྟོད་པ། གཙོ་འཁོར་སྦགས་སྒྲུབ་གཟུངས་ཀྱིས་པས་མཛད་པ། སྒྲུབ་པའི་གནད་དྲིལ་བ། མགོན་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ། གསང་སྒྲུབ་སྤུ་གྲི་སྐོར་གསུམ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་འཁོར་བཅས་ཀྱི་རྗེས་གནང་ཞང་དཀོན་མཆོག་དཔལ་དཔོན་སློབ་ནས་བརྒྱུད་པའི་ཡི་གེ་གཉིས་རྣམས་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡན་རྗེས་གནང་དང་འདྲ། དེ་ནས་གུ་གེ་པཎྜི་ཏ། མཁན་ཆེན་ལེགས་འབྱུང་། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ།། ༈ །།ཡང་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་མན་ངག་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཞལ་བཞི་པའི་མན་ངག་གི་ལོ་རྒྱུས། རྗེས་གནང་། རྭ་ཟོར། རྩ་བའི་འཁོར་ལོ། རབ་གནས། གནད་